ལྷ་ས་མེ་འཁོར་བབས་ཚུགས་ཏང་ཨུད་ཀྱིས།
“གདོང་ལེན་བུམ་པའི”ཏང་གི་སློབ་ཚན་ཡག་ཤོས་ཀྱི་དཔྱད་བསྡུར་བྱེད་སྒོ་སྤེལ་བ།
དུས་རབས་གསར་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི“རྨང་གཞི་བརྟན་གཏོང་དང་སྤུས་ཚད་མཐོར་གཏོང”གི་འདུ་འགོད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉིན་ཤས་གོང་། ལྷ་ས་མེ་འཁོར་བབས་ཚུགས་ཏང་ཨུད་ཀྱིས“གདོང་ལེན་བུམ་པའི”ཏང་གི་སློབ་ཚན་ཡག་ཤོས་ཀྱི་དཔྱད་བསྡུར་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཏང་ཀྲི་པུའུ་བཞི་ནས་ཡོང་བའི་བདམས་ཐོན་པ་རྣམས་ཀྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས《དུས་རབས་གསར་པའི་ལྕགས་ལམ་སྤུད་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ》དང《འབད་འཐབ་ནི་ལྕགས་ལམ་གཞོན་ནུའི་ལང་ཚོའི་བརྗོད་དོན་གཙོ་བོ་ཡིན》 《མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས》སོགས་ཀྱི་ནང་དོན་དང་ཟུང་འབྲེལ་གྱིས་གྲ་སྒྲིག་ཞིབ་ཚགས་དང་བརྗོད་གཞི་ནན་ཏན་འདེམས་པ་དང་། འཚོ་བ་དང་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གཏམ་རྒྱུད་ཤོད་པ་དང་། དཔེ་མཚོན་འདོན་པ། ཐོག་མའི་བསམ་འདུན་གླེང་བ་བཅས་བྱས་པ་རེད།
ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཀྲེན་ཀྲང་ཝང་ཧྥུའུ་ཡིས“རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ལ་ད་ཐེངས་ཀྱི་ཏང་གི་སློབ་ཚན་དཔྱད་བསྡུར་ཁྲོད་ནས་ཕན་འབྲས་དངོས་ཐོན་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།