དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱིས།

    “ཕྱུགས་རིགས་བཅོལ་ཉར”ལ་བརྟེན་ནས་འབབ་འཕར་གྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-20

    འདི་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱིས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། ཡུལ་བབ་དང་བསྟུན་པ་དང་དུད་ཚང་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་གསོ་ཚགས་དུད་ཆེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དབུལ་སྒྲོལ་དུད་ཚང་གིས“ཕྱུགས་རིགས་བཅོལ་ཉར”ལ་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པ། གཅིག་སྡུད་ཕྱུགས་འཚོ་འཚོལ་ཞིབ་ཧུར་ཐག་བྱེད་པ། ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་ཡོད།

    ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱིས་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ཏེ། “ཕྱུགས་རིགས་བཅོལ་ཉར”གྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། གྲོང་ཚོ་ཁག་གི་ཕྱུགས་རིགས་ཉུང་བའི་དུད་ཚང་དང་ཕྱུགས་རིགས་མེད་པའི་དུད་ཚང་གི་རྩྭ་ར་གསོ་ཚགས་དུད་ཆེན་ལ་བརྒྱུད་བཤུག་གཏོང་བ། གསོ་ཚགས་དུད་ཆེན་གྱིས་ཕྱུགས་རིགས་ཉུང་བའི་དུད་ཚང་གི་ཕྱུགས་རིགས་ཚབ་གསོ་དང་ཉར་རོགས་བྱས་ནས་ངལ་རྩོལ་ནུས་ཤུགས་དེ་བས་མང་བ་བཅིངས་འགྲོལ་བཏང་ཡོད། མིག་སྔའི་བར་གྲོང་རྡལ་ཡོངས་ཀྱི་ཕྱུགས་རིགས་མགོ་གྲངས་ཁྲི་2ལྷག་ཙམ་ལ“ཕྱུགས་རིགས་བཅོལ་ཉར”བྱེད་སྟངས་ལག་ལེན་བསྟར་བ་དེས་གྲོང་རྡལ་ཡོངས་ཀྱི་ཕྱུགས་རིགས་བསྡོམས་འབོར་གྱི་48%བཟུང་ཡོད། དེའི་ནང་དབུལ་སྒྲོལ་དུད་ཚང་གི་ཕྱུགས་རིགས་889བཅོལ་ཉར་བྱས་ནས་ངལ་རྩོལ་ནུས་ཤུགས་2100ལྷག་ཙམ་བཅིངས་འགྲོལ་བཏང་སྟེ་ཐབས་ལམ་མང་པོར་བརྟེན་ནས་འབབ་འཕར་ཡོང་བར་རྨང་གཞི་བཏིང་ཡོད།

    “ཕྱུགས་རིགས་བཅོལ་ཉར”བྱེད་པ་དེས་དབུལ་སྒྲོལ་དུད་ཚང་ནོར་ལུག་དང་འབྲོག་རའི་འཆིང་རྒྱ་ལས་སྒྲོལ་ཡོད། འོན་ཀྱང་མང་ཚོགས་ཚོས་ཕྱིར་ཡོང་འབབ་གསོག་པར་འགྲོ་བར་སྐུལ་ཁྲིད་བྱེད་པ་དེ་དཀའ་གནད་གསར་པ་ཞིག་ཏུ་གྱུར་ཡོད། བཟང་བཟང་གྲོང་རྡལ་གྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་དེ་བཞིན་ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། གྲོང་ཚོ་ཁག་གི་ཏང་ཀྲི་པུའི་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་དབུལ་སྒྲོལ་དུད་ཚང་དང་དེ་བཞིན་འདོད་མོས་ཡོད་པའི་མང་ཚོགས་ཕྱིར་གླ་པར་བསྐྱོད་པའི་སྣེ་ཁྲིད་དེ་མང་ཚོགས་ལ་ཕན་པ་དང་མདུན་ལམ་ཡག་པོ་ཡོང་བར་བྱས་ཐོག དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་བྱས་ཏེ་ཕྱིར་གླ་པ་རྒྱུག་མཁན་མང་ཚོགས་ཀྱི་ཧུར་སེམས་འཕེལ་བར་བྱས་ཡོད། དེས་མ་ཚད་ཏང་ཡོན་དང་བླངས་རུ་ཁག་གིས“གཅིག་རོགས་གཅིག”དང“གཅིག་གིས་མང་པོར་རོགས་རམ”བྱེད་པའི་ཆ་སྒྲིག་བྱེད་ཐབས་སྤྱད་དེ། ཆ་སྒྲིག་རོགས་སྐྱོར་དུད་ཚང་གི་ངལ་རྩོལ་ནུས་ཤུགས་ཕྱིར་གླ་པ་རྒྱུག་པར་བཏང་བའམ་ཡང་ན་ཆ་སྒྲིག་རོགས་སྐྱོར་དུད་ཚང་གི“རྒན་རྒོན་དང་བྱིས་པར”ལྟ་རྟོག་བྱས་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་མི་ཐེངས་820ལ་ཆ་སྒྲིག་ཞབས་འདེགས་ཞུས་ཡོད།

    ཕྱིར་གླ་པར་སྐྱོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་ཡོད་པ། ཁེ་བཟང་ཡོད་པ་བཅས་བྱ་ཆེད། བཟང་བཟང་གྲོང་རྡལ་གྱིས་ནུས་ཤུགས་ཡོད་རྒུས་ལས་ཞུགས་དང་ཞབས་ཞུ་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ་སྒྲིག་འཛུགས་ཡོད་པའི་སྒོ་ནས་ངལ་ནུས་ཕྱིར་གཏོང་གི་ལས་དོན་ཡག་པོ་བསྒྲུབས་པ་དང་། ཕྱིར་གླ་པར་སྐྱོད་མཁན་མི་10ནས་15བར་ཚོགས་ཆུང་རེ་བྱས་ཏེ་དེའི་ནང་ནས་འཇོན་ཐང་ཅན་ལ་སྣེ་ཁྲིད་དུ་བཅུག་པ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དེས་ཁེར་རྐྱང་གི་རྣམ་པར་འགྱུར་ལྡོག་བྱུང་ནས་ས་གནས་དེ་གའི་ཨར་ལས་ཕྱོགས་དང་རང་འགུལ་ངང་འབྲེལ་མཐུད་ཐུབ་སྟེ། གྲོང་རྡལ་དེའི་ངལ་རྩོལ་ནུས་ཤུགས་སྔོན་ལ་བསྡུ་ལེན་དང་བེད་སྤྱོད་ཐུབ་ནས་མང་ཚོགས་དེ་བས་མང་བ་རང་ཡུལ་ནས་བྲལ་མི་དགོས་པར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་འབབ་འཕར་ཐུབ་ཡོད། མིག་སྔར་ཚོགས་ཆུང་48ཀྱི་མི་1500ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཕྱིར་གླ་པར་བསྐྱོད་པའི་ནང་དབུལ་སྒྲོལ་དུད་ཚང་གི་མི་འབོར་གྱིས་ཚོགས་ཆུང་ཡོངས་ཀྱི་52%བཟུང་ཡོད།

    བཟང་བཟང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་རབ་བརྟན་གྱིས“གོམ་སྟབས་རྗེས་མར་ང་ཚོས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་མཐའ་འཁྱོངས་ཀྱིས་ཐོན་ལས་འཁོར་འབྲེལ་རྒྱ་ཆེར་གཏོང་བ་དང་། ‘བཟང་བཟང་འབྲི་གཡག’དང‘བཟང་བཟང་མར’སོགས་སྤུས་རྟགས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་པ། འབྲོག་ལས་ཐོན་ལས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།