“90ནང་སྐྱེས”ཀྱི་སྲོག་ཆགས་དོ་དམ་པས་ཐང་ཞིམ་གྱི“ཨ་མ”བྱེད་པ།
འདི་ནི་ཟླ་12ཚེས་11ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་གླིང་དུ་སྲོག་ཆགས་དོ་དམ་པ“90ནང་སྐྱེས”ཀྱི་སྲོག་ཆགས་ཀྱི“ཨ་མ”ལིའུ་ལི་ཡིས་ཐང་ཞིམ་ལ་ལྟོ་སྟེར་བཞིན་པ། ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་ལ་མ་གཏོགས་མེད་པའི་བྱི་ལའི་རིགས་ཀྱི་སྲོག་ཆགས་ཆུང་གྲས་ཤིག་ཡིན་པའི་ཐང་ཞིམ་ས་བབ་མཐོ་ཚད་ལ་སྨི་2800ནས་སྨི་4000བར་ཟིན་པའི་རྩྭ་ཐང་དང་ཐང་རྒོད་སོགས་ལ་འཚོ་བ་དང་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོ་དང་མདོ་ལ་སོགས་སུ་སྡོད་ཀྱི་ཡོད། ཀྲང་ཀྲུང་ཕིང་གིས་པར་བླངས།