ཅི་ཤང་མཁའ་འགྲུལ་གནམ་གྲུ་ཀུང་སིའི་ཧྲང་ཧའེ་ནས་ཤིས་ཉི་བར་གྱི་མཁའ་ལམ་འཕུར་སྐྱོད་ཐེངས་དང་པོ་བདེ་བླག་བྱུང་བ།
ཟླ་12ཚེས་17ཉིན། ཅི་ཤང་མཁའ་འགྲུལ་ཀུང་སིའི་HO1669ཡི་དུས་གཏན་གནམ་གྲུ་ཧྲང་ཧའེ་ནས་ཤིས་ཉི་བར་གྱི་ཀྲོའུ་ཅི་མཁའ་ལམ་འཕུར་སྐྱོད་ཐེངས་དང་པོ་བདེ་བླག་བྱུང་ཡོད། འདི་ནི་དེ་ཉིན་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་གནམ་ཐང་གིས“ཆུ་སྒོའི་མཛད་སྒོ”གཉེར་ནས་ཅི་ཤང་མཁའ་འགྲུལ་ཀུང་སིའི་ཧྲང་ཧའེ་ནས་ཤིས་ཉི་བར་གྱི་ཀྲོའུ་ཅི་མཁའ་ལམ་གྱི་དུས་གཏན་གནམ་གྲུ་ཐོག་མར་བསུ་བ་ཞུ་བཞིན་པ།