དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྩྭ་མཚོར་འདབ་ཆགས་ཁྲི་ཕྲག་དགུན་སྒྲོལ་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-19

    འདི་ནི་ཟླ་12པའི་ཚེས་16ཉིན། ཀུའེ་ཀྲོའུ་རྩྭ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་ངང་སེར་ཡིན་པ།

    འདི་ནི་ཀུའེ་ཀྲོའུ་རྩྭ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།

    ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཝུའེ་ཉིང་རྫོང་དུ་གནས་པའི་རྩྭ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཆ་ཚང་ལ་དཔེ་མཚོན་གྱི་ས་མཐོའི་འདམ་རའི་སྐྱེ་ཁམས་མ་ལག་ཅིག་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱ་ཡུལ་གཙོ་བོའི་གྲས་ཤིག་རེད། མིག་སྔར། རྩྭ་མཚོར་དགུན་སྒྲོལ་ལ་སླེབས་པའི་ཁྲུང་ཁྲུང་སྐེ་ནག་2500ལྷག་ཙམ་ཟིན་ཞིང་། ཁྲུང་ཁྲུང་སྐྱ་བོ་དང་། ཁྲུང་ཁྲུང་མགོ་ཁྲ། ངང་སེར་སོགས་ཁྱོན་བསྡོམས་འདབ་ཆགས་ཁྲི་10ཟིན་ནས་འདབ་ཆགས་མང་པོ་འཕུར་ལྡིང་ལ་རོལ་བའི་སྐྱེ་ཁམས་ལེགས་པའི་རྣམ་པ་ཞིག་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།