དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2024ལོའི་ཚོགས་འདུ་ཐེངས་19པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-19

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་བསོད་ནམས་ཉི་མས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2024ལོའི་ཚོགས་འདུ་ཐེངས་19པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། འཕྲིན་ལན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། ཤིས་ཚིག་གལ་ཆེན་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་བ་རེད།

    བསོད་ནམས་ཉི་མས་ནན་བཤད་གནང་དོན། 2024ལོའི་ལས་དོན་ལ་ཕྱོཌ་ཡོངས་ནས་ཕྱོགས་སྡོམ་ཡག་པོ་བྱེད་སྐབས། ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ་དང་། གཙོ་གནད་མངོན་གསལ་དོད་པ། ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མངོན་པ་བཅས་བྱས་ནས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་འགན་སྒྲུབ་ཀྱི་གྲུབ་འབྲས་གང་ལེགས་མངོན་པར་བྱེད་དགོས། 2025ལོའི་ལས་འགན་གཙོ་བོ་ཇུས་འགོད་བཀོད་སྒྲིག་ཡག་པོ་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ཐབས་ཤེས་གསར་གཏོད་བྱེད་པ། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་དེ་བས་ལེགས་པར་སྒྱུར་དགོས། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གྲ་སྒྲིག་ནན་ཏན་བྱས་ཏེ། ཚོགས་འདུ་དེ་ཉིད་དར་ཆ་མཐོན་པོར་སྒྲེང་བ་དང་། དམ་པ་དོན་གཉེར། མཐུན་སྒྲིལ་ཤུགས་སྒྲིལ། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།