ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྔགས་པ་གླིང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་བཅོས་སྐྱོང་ནུས་ཕྱོད་མཐོ་རུ་གཏོང་བ།
ཁུལ་ཆུང་དུ་སྡོད་མཁན་ཨ་ཅག་སྒྲོལ་དཀར་གྱིས་སྒོ་རྩར་གྲོས་གཞི་བསྡུ་རུབ་བྱེད་མཁན་དྲ་མིག་པ་མཐོང་སྐབས“བུ། ངའི་ཁྱིམ་གྱི་རླངས་འཁོར་ཁ་ཉིན་ཡང་བརྡར་འདུག གློག་མིག་མེད་པས་སུས་བརྡར་ཡོད་མེད་འཚོལ་ཐུབ་མ་བྱུང་། སྲང་ལམ་དུ་གློག་མིག་ཅིག་བསྒར་ན་འགྲིམ་གམ”ཞེས་ཞུས།
ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྔགས་པ་གླིང་སྡེ་ཁུལ་གྱིས་དམངས་ལ་ཞབས་འདེཌ་ཞུ་བའི་འདུ་ཤེས་ལག་བསྟར་བྱས་ནས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་གྲོང་མིས་རང་སྐྱོང་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ“དོན་གྲོས་ཚོགས་འདུའི”ལས་སྟེགས་བཙུཌ་ནས་རང་སྐྱོང་ནུས་པ་དང་། ཞབས་ཞུའི་ཆུ་ཚད། བཅོས་སྐྱོང་ལས་ཕྱོད་བཅས་མཐོ་རུ་བཏང་བས“སྡེ་ཁུལ་གྱི་དོན་དག་མཉམ་དུ་གྲོས་བསྡུར”བྱེད་རིང་དོ་དམ་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།
སྔགས་པ་གླིང་སྡེ་ཁུལ་དུ་ལས་སྟེགས་དེ་འཛུགས་དོན་ནི་སྡེ་ཁུལ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱ་ཆེད་ཡིན། “དོན་གྲོས་ཚོགས་འདུའི”ལས་སྟེགས་བརྒྱུད་ཚང་མའི་རེ་ཞུ་ཚང་མར་ལན་ཧུར་ཐག་སློག་པས་གྲོང་མི་སྡེ་ཁུལ་འཛུགས་སྐྱོང་ནང་ཞུགས་པའི་ཧུར་སེམས་ཆེ་རུ་ཕྱིན་ཡོད་པ་རེད།
སྔགས་པ་གླིང་སྡེ་ཁུལ་གྱིས“སྒོ་རྡུང་བའི་བྱ་སྤྱོད”སྤེལ་ནས་གྲོས་གཞི་བསྡུ་རུབ་བྱེད་པ་དང་། “ཚན་ཁག་གི་ཞིབ་འཇུག”བརྒྱུད་གྲོས་གཞི་གཏན་འཁེལ་བྱེད་པ། “ཕྱོགས་མང་མཉམ་འགུལ”བརྒྱུད་གྲོས་གཞི་གླེང་བ། “དོན་འཁྱོལ་ལ་དམ་འཛིན་ནན་པོ”བརྒྱུད་གནད་དོན་སེལ་བ་བཅས་ཀྱི་རྣམ་པའི་ཐོག་ནས་འབྲེལ་ཡོད་སྡེ་ཚན་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་གདན་དྲངས་ཏེ་གནད་དོན་ཐག་གཅོད་བྱེད་སྟངས་མཉམ་དུ་གྲོས་བསྡུར་བྱས་ཡོད། མིག་སྔའི་བར་སྡེ་ཁུལ་གྱིས་དོན་གྲོས་ཚོགས་འདུ་བརྒྱུད། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སའི་ས་ཆ་དང་ཁང་པའི་སྤ་སེ་གཉེར་བ་དང་། རླངས་འཁོར་འཇོག་དཀའ་བ། གློག་སྒུལ་རླངས་འཁོར་གྱི་གློག་སྡོང་སྒྲིག་སྦྱོར་བྱེད་པ། གློག་མིག་བསྒར་བ། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད། ལམ་སྒྲོན་མི་གསལ་བའི་རྣམ་གྲངས། གད་སྙིགས་གང་བྱུང་དུ་སྤུངས་པ་སོགས་ཀྱི་གནད་དོན་ཆེ་ཆུང་ཁག་40ལྷག་ཙམ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་ཡོད།
གཞན་ཡང་སྔགས་པ་གླིང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ལས་ཕྱོད་མཐོར་གཏོང་ཆེ་མོའི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས། དྲ་མིག་ཁུག་དེབ་བཟོས་པ་དང་དེ་ཉིད་དྲ་མིག་པའི་ལས་ཀའི་ལག་དེབ་ཏུ་བྱས་པས། ལས་དོན་པས་སྡེ་ཁུལ་མང་ཚོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་དེ་བས་མྱུར་ལ་ལེགས་པའི་ངང་ཁོང་དུ་ཆུད་པ་དང་ལས་ཕྱོད་མཐོ་རུ་བཏང་སྟེ། “ཡུལ་བབ”དང་“དམངས་ཀྱི་གནས་ཚུལ”ཤེས་རྟོགས་ཐུབ་པར་བྱས་ཡོད།