དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ལམ་318ལམ་ཐིག་གི་ར་འོག་ཕུག་ལམ་སྔ་སྣུར་དུ་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-19

    ཟླ་12ཚེས་16ཉིན། རྒྱལ་ལམ་318ལམ་ཐིག(ར་འོག་དུམ་བུ)གི་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་ནས་གཏམ་བཟང་གྲགས་པ་སྟེ། བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་འཛུགས་སྐྲུན་དོ་དམ་བྱས་པ་དང་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་ཚོགས་པ་འཛུགས་སྐྲུན་ལ་ཞུགས་པའི་རྒྱལ་ལམ་318ལམ་ཐིག(ར་འོག་དུམ་བུ)གི་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭའི་ཆེས་རིང་བའི་ཕུག་ལམ——ར་འོག་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་རེད།

    ཕུག་ལམ་འདི་ནི་རྒྱལ་ལམ་318ཀྱི་གྲུ་པ་ལུང་ནས་ཉིང་ཁྲི་བར་གྱི་གཞུང་ལམ་གྱི་གཙོ་གནད་ལམ་དུམ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭའི(ར་འོག་དུམ་བུ)དུམ་མཚམས་གཉིས་པ་ཆབ་མདོ་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་ཤིང་། སྤྱིའི་རིང་ཚད་ལ་སྨི་4130ཟིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཡོད་པ་རེད།

    མཐོ་གྲང་ཕུག་ལམ་ཨར་ལས་ཀྱི་འཁྱགས་པའི་གནོད་འཚེ་འགོག་བཅོས་དང་དེ་བཞིན་བདེ་འཇཌ་འགན་ལེན་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱ་ཆེད། རྣམ་གྲངས་འཛུགས་སྐྲུན་ཚོགས་པས་ས་མཐོའི་ཕུག་ལམ་ཨར་ལས་ཀྱི་འཁྱགས་སྐྱོན་འགོག་བཅོས་དང་དེ་བཞིན་བདེ་འཇགས་འགན་ལེན་ལག་རྩལ་ཇུས་གཞི་བཏོན་ཏེ། ཕུག་ལམ་གྱི་འཁྱཌ་པའི་གནོད་འཚེ་ལས་ཕུག་ལམ་ཨར་ལས་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པ་སྔོན་འགོག་ནུས་ལྡན་བྱས་པས། མ་གནས་གྲོན་ཆུང་ཐུབ་པ་མ་ཟད་མྱུར་ཚད་དང་། བདེ་འཇགས། སྤུས་ཚད་བཅས་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ཡོད་པ་རེད།

    རྒྱལ་ལམ་318ལམ་ཐིག(ར་འོག་དུམ་བུ)གི་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། དཔའ་ཤོད་ནས་ར་འོག་བར་གྱི་ལམ་ཐག་དེ་སྔའི་ཆུ་ཚོད་གཉིས་ནས་ད་ལྟའི་ཆུ་ཚོད་གཅིག་བར་ཐུང་དུ་ཕྱིན་ཏེ། དེ་སྔ་གཡབ་ཕུག་ནང་རླངས་འཁོར་ཡུན་རིང་འགག་པ་དང་། འབབ་རྡོ་ལྷུང་བ། འཁྱགས་པ་ཐེབས་པ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐག་གཅོད་ནུས་ལྡན་ཐུབ་ནས། ས་གནས་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་བ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།