ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས།
“ཤེས་རྟོགས་ལྔ་དང་རོགས་སྐྱོར་བཞི”ལ་བརྟེན་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་བ།
ནད་པའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས་ནད་པ་2ལ་སོ་སོར་རོགས་སྐྱོར་དངུལ་སྒོར་ཁྲི་རེ་སྤྲད་པ་རེད། ཉེ་བའི་ལོ་ཤས་རིང་། རབ་གསལ་སྡེ་ཁུལ་གྱིས“ཤེས་རྟོགས་ལྔ་དང་རོགས་སྐྱོར་བཞིའི”རོགས་རམ་བྱ་ཐབས་ལ་བརྟེན་ནས། དཀའ་ངལ་ཡོད་པའི་གྲོང་མི་མི་རེ་ངོ་རེར་སྡེ་ཁུལ་གྱི་སེམས་ཁུར་ཚོར་ཐབས་བྱས་ཏེ། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཁ་ཐང་བའི་མ་དངུལ་རོགས་སྐྱོར་བྱེད་དགོས་ངེས་རིགས་ལ་སྤྱད་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་དང་རོགས་སྐྱོར་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། དཀའ་ངལ་ཡོད་པའི་གྲོང་མིའི་བདེ་སྐྱིད་ལྡན་པའི་འཚོ་བར་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཁུལ་གྱི་ལས་དོན་པ་འཚམས་འདྲིར་སྐྱོད་རིང་། ད་ལོ་བརྟག་དཔྱད་བྱེད་སྐབས་ཉི་མ་ལྷ་མོར་ནུ་སྐྲན་ཕོག་ཡོད་པ་དང་ཁོང་གི་བཟའ་ཟླ་དབང་པོ་སྐྱོན་ཅན་ཡིན་པའི་ཁར་དཔལ་འབྱོར་གྱི་ཡོང་སྒོ་མེད་པ། བུ་མོ་མིག་སྒྲོན་གྱིས་ད་དུང་རང་ཉིད་ཀྱི་ཕྲུ་གུ་གཉིས་སློབ་གྲྭར་གཏོང་དགོས་པ་དང་། ཁྱིམ་གྱི་ཡོང་སྒོའང་མག་པའི་ཟླ་རེའི་སྒོར་4000དེ་རང་མ་གཏོགས་མེད་པ་ཤེས་རྟོགས་བྱུང་ཡོད།
ནད་པ་དང་ཁྱིམ་མིའི་གནས་ཚུལ་ཤེས་རྗེས། སྡེ་ཁུལ་གྱི་འགན་འཁུར་བ་གཙོ་བོས་འཕྲལ་མར“གྲོས་དོན་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ཚོགས་འདུ་འཚོགས་ཏེ། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་ནས་ནད་པ་གཉིས་ལ་རོགས་སྐྱོར་བྱེད་པའི་ཐག་བཅད་ཅིང་། རོགས་སྐྱོར་མ་དངུལ་སྤྲོད་པའི་ཉིན་དེར། རབ་གསལ་སྡེ་ཁུལ་གྱི་འགན་འཁུར་བ་གཙོ་བོས་ནད་པ་དང་ཁྱིམ་མིར་སེམས་ཁྲལ་དང་སེམས་ནད་གང་ཡོད་དྲིས་ཏེ་ཁོང་ཚོའི་དཀའ་ངལ་སེལ་རོགས་བྱས་པ་མ་ཟད། ནད་པར་ནད་གཞི་ལས་ཐར་བའི་ཡིད་ཆེས་འཕེལ་ཐབས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རབ་གསལ་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་དང་། “ལྔ་ལྔའི་ལས་དོན་བྱ་ཐབས”སྐོར་གྱི་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར་ཏང་ཨུད། ཁྲེང་ཀོན་ཆུས་ཨུད་བཅས་ཀྱི་རིམ་སྤེལ་བཀོད་སྒྲིག་བླང་བྱ་དང་བསྡུར་ནས་དོན་འཁྱོལ་མཐའ་འཁྱོངས་ཐོག ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བར་ཤུགས་སྣོན་བརྒྱབ་ཡོད། སྡེ་ཁུལ་གྱིས་སྔ་བར་ཕྱི་གསུམ་དུ་དམངས་འཚོར་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་རྩ་བར་འཛིན་པ་དང་། ཏང་དང་མང་ཚོགས་ལས་བྱེད་པའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་སེལ་རྒྱུ་གཙོ་གནད་ལས་དོན་ལ་བརྩིས་ཏེ། “ཤེས་རྟོགས་ལྔ་དང་རོགས་སྐྱོར་བཞིའི”རོགས་རམ་བྱ་ཐབས་ལ་བརྟེན་ནས། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་ངལ་སེལ་བ། བྱ་བ་ཡག་པོ་སྒྲུབ་པ་དང་། སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཏང་ཡོན་དཔུང་ཁག་གིས“ཤེས་རྟོགས་ལྔ་དང་རོགས་སྐྱོར་བཞིའི”ལག་ལེན་ཁྲོད་སྔོན་ཐོན་རང་བཞིན་གང་ལེགས་མངོན་པར་བྱས་པར། ཞབས་ཞུའི་རྣམ་པའི་སྡེ་ཁུལ་གཏོད་པར་ནུས་པ་ཆེན་པོ་འདོན་ཐུབ་ཡོད།