ཁྲེང་ཀོན་ཆུས་ཀྱིས་གཞོན་ནུའི་ལས་གཏོད་གླེང་སྟེགས་སྐབས་དང་པོ་དང་ལས་གཏོད་གྲུབ་འབྲས་འགྲེམས་སྟོན་གཉེར་བ།
དུས་རབས་གསར་པའི་གཞོན་ནུའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས“ལས་གཏོད་ཀྱི་རྒྱང་ལམ་གསར་པར་ཁྲེང་ཀོན་གྱི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞོན་ནུའི་ལས་གཏོད་གླེང་སྟེགས་སྐབས་དང་པོ་དང་ལས་གཏོད་གྲུབ་འབྲས་འགྲེམས་སྟོན་གཉེར་བ་རེད།
གླེང་སྟེགས་ཐོག་བོད་ལྗོངས་ལྷ་སའི་ཇ་ཁང་གི་གཞོན་ནུའི་སྒྱུ་རྩལ་དུས་ཚིགས་ཀྱི་གྲོས་འགོ་འདོན་མཁན་བདེ་སྐྱིད་ཆོས་སྒྲོན་དང་སྐབས་དགུ་པའི“ཀྲུང་གོའི་གཞོན་ནུའི་ལས་གཏོད་བྱ་དགའི”གདམ་བྱའི་ནང་ཚུད་པའི་འོས་མི་ཚེ་རིང་བཀྲ་ཤིས་སོགས་ལས་གཏོད་པས་ཚོགས་ཞུགས་མི་སྣར་ཁོང་ཚོའི་ལས་གཏོད་ཀྱི་གཏམ་རྒྱུད་བཤད་ནས། ལས་གཏོད་གཞོན་ནུ་དེ་བས་མང་བས་ལས་གཏོད་ཀྱི་བློ་རིག་བསྡུ་ལེན་དང་མི་མངོན་པའི་རྫོགས་མེད་ཀྱི་སྟོབས་ཤུགས་འཕེལ་བར་བྱས་པ་རེད།