དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་དྲ་ཐོག་ཐད་གཏོང་ཚོང་དོན་གྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-16

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་དྲ་ཐོག་ཐད་གཏོང་ཚོང་དོན་གྱི་འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་གཉེར་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་མཛད་སྒོར་ཞུགས་ཏེ། “ཉར་ཚགས་དངོས་རྫས་ཀྱི་མཚམས་སྦྱོར་བ་ཡག་ཤོས”ཀྱི་གསེར་གྱི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་སྤེལ་འགོ་བཙུགས་ཚུན། ལྗོངས་ཡོངས་ཀྱི་རྫོང(ཆུས)60ཡི་སྙན་སྒྲོག་པ་གཙོ་བོ་162ཐོག་མའི་འགྲན་བསྡུར་ལ་ཞུགས་པ་དང་། དེའི་རིང་དབྱར་རྩྭ་དགུན་འབུ་དང་། ཤ་སྐམ་པོ། ཀོ་ཤའི་ཐོན་རྫས། DiLSeསོགས་བོད་རང་སའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་བྱུག་རྫས“སྤྲིན་རྩིས་ལས་སྟེགས”སུ་འདོན་པར་སྐུལ་ཁྲིད་ཡག་པོ་བྱས་པས། ཐད་གཏོང་ཟོག་ཚོང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་ཆིག་སྟོང་ལས་བརྒལ་ཡོད།

    མཐར་འགྲན་བསྡུར་ལ་ཞུགས་མཁན་སྙན་སྒྲོག་པ་གཙོ་བོ་22མཐའ་བསྡུར་ནང་ཚུད་ཡོད། འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། “ཉར་ཚགས་དངོས་རྫས་ཀྱི་མཚམས་སྦྱོར་བ་ཡག་ཤོས”6དང་། “བོད་ཀྱི་ཕུལ་བྱུང་སྙན་སྒྲོག་པ་གཙོ་བོ”16བདམས་ཐོན་བྱུང་བ་དང་། ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་དང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས། ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་བཅས་ལ“ཕུལ་བྱུང་གི་སྒྲིག་འཛུགས་བྱ་དགའ”ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།