དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-15

    ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་ཐུང་ཧུའེ་ཁྲོམ་གཞུང་པའོ་ལིན་གྲོང་ཚོས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་ནས་དུད་ཁྱིམ་དུ་སྐྱོད་བདེ་བའི་གཞུང་ལམ་བསྐྲུན་ཡོད། ཚའོ་ཡུང་ལུང་གིས་པར་བརྒྱབ།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱའུ་ལ་དང་ཇོ་མོ་གླང་མའི་གུག་ཆ་108ཀྱི་ཀྱག་ཀྱོག་ལམ་བུ་ལས་ས་མཐོའི་དམིགས་བསལ་གྱི་གཞུང་ལམ་རྣམ་པ་ཞིག་གྲུབ་ཡོད། ཀྲང་ཡོན་མིང་གིས་པར་བརྒྱབ།

    འདི་ནི་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་དབྱང་རྫོང་དུ་ལམ་བཟོ་བས་གྲོང་གསེབ་ཀྱི་ལམ་བུ་ཉམས་གསོ་བདག་སྐྱོང་བྱེད་བཞིན་པ། ཕེ་ཁྲེང་གིས་པར་བརྒྱབ།

    ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་ཧྭ་དབྱིང་གྲོང་ཁྱེར་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་དང་། ཁུལ་ཁོངས་མྱུར་བགྲོད། གཙོ་ཕལ་གསལ་བ་བཅས་ཀྱི་འགྲིམ་འགྲུལ་དྲ་རྒྱ་ཞིག་རིམ་གྱིས་ཆགས་ཤིང་། འདི་ནི་རྣམ་པར་བཀྲ་བའི་མེ་ཏོག་གི་ཁྲོད་གནས་པའི་ཧྭ་དབྱིང་གྲོང་ཁྱེར་ལུའུ་ཧྲི་གྲོང་རྡལ་ལེང་ཧྲུའེ་ཅིན་གྲོང་ཚོའི་གྲོང་གསེབ་ཀྱི་ལམ་བུ་ཡིན་པ། ཆིའུ་ཧའེ་དབྱིང་གིས་པར་བརྒྱབ།

    འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཝུའུ་ཏང་ཆུས་ཧྲུའེ་ཐན་གྲོང་རྡལ་གྱི་ཁོངས་སུ“ཞིང་ཕན་ཆེད་ལམ”གྱི་སྤྱི་སྤྱོད་རླངས་འཁོར་ཞིག་གྲོང་གསེབ་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཝུན་པིན་གྱིས་པར་བརྒྱབ།

    འདི་ནི་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀུའུ་ཡོན་གྲོང་ཁྱེར་ལུང་ཏེ་རྫོང་ཁོངས་ཀྱི་གྲོང་གསེབ་ཀྱི་ལམ་བུའི་ཐོག་སྤྱི་སྤྱོད་རླངས་འཁོར་ཞིག་ལུང་ཏེ་རྫོང་གྲོང་ནས་གྲོང་གསེབ་ཏུ་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྥེང་ཁའེ་ཧྭ་ཡིས་པར་བརྒྱབ།

    འདི་ནི་ལྟ་ན་སྡུག་པའི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཞུའེ་ཁྲེང་ཆུས་ཀྱི་གྲོང་གསེབ་ཀྱི་ལམ་བུ་ཡིན་པ། ཧུང་ཞའོ་ཏུང་གིས་པར་བརྒྱབ།

    འཛུགས་སྐྲུན་ཡག་པོ།

    2023ལོའི་ལོ་མཇུག་བར། གྲོང་གསེབ་ཀྱི་ལམ་བུའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་460བར་སྣུར་སྲིང་བྱས་ནས་གཞུང་ལམ་གྱི་སྤྱིའི་ལམ་ཐག་གི་84.6%བཟུང་ཡོད།

    རྫོང་ལམ་གྱི་ལམ་ཐག་དང་། ཤང་ལམ་གྱི་ལམ་ཐག གྲོང་ཚོའི་ལམ་བུའི་ལམ་ཐག་བཅས་སྤྱི་ལེ་ཁྲི་70དང་། ཁྲི124 ཁྲི་266བཅས་སོ་སོར་ཟིན་པ།

    གྲོང་གསེབ་ཀྱི་ལམ་བུར་ཟམ་པ་ཁྲི་53དང་ཕུག་ལམ་2222ཡོད་པ།

    དོ་དམ་ཡག་པོ།

    2023ལོའི་ལོ་མཇུག་བར། རིམ་ཁག་ལམ་དཔོན་ཁྱོན་ཁྲི་68ཡོད་པ་དང་གྲོང་གསེབ་ཀྱི་ལམ་བུའི་དོ་དམ་ལས་འགན་ཡོད་པའི་རྫོང་རིམ་པའི་སྲིད་འཛིན་ཚན་པར་གྲོང་གསེབ་ཀྱི་ལམ་བུའི“ལམ་དཔོན་ལམ་ལུགས”ཁྱོན་ཡོངས་ལ་ཁྱབ་ཡོད།

    སྲུང་སྐྱོང་ཡག་པོ།

    ལོ་བཅུའི་རིང་། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་ལམ་བུའི་བདེ་འཇགས་དང་ཚེ་སྲོག་སྲུང་སྐྱོང་གི་ལས་གྲྭ་སྤྱི་ལེ་ཁྲི་123ལག་བསྟར་བྱས་པ་དང་གྲོང་གསེབ་ཀྱི་ལམ་བུའི་ཉེན་ཡོད་ཟམ་པ་རྙིང་པ་ཁྲི་5.8སྒྱུར་བཀོད་བྱས་པ།

    གཉེར་སྐྱོང་ཡག་པོ།

    ལོ་བཅུའི་རིང་། ལོ་ལྟར་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་89བཏང་བ་དང་། རིམ་རྩིས་བརྒྱབ་ན་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་ཤང་དང་གྲོང་རྡལ་1100ལྷག་ཙམ་དང་སྒྲིག་ཁོངས་གྲོང་ཚོ་ཁྲི་4.5ལྷག་ཙམ་ཟིན་པ། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།

    གྲངས་གཞིའི་ཡོང་ཁུངས། 《དུས་རབས་གསར་པའི་ཀྲུང་གོའི་གྲོང་གསེབ་ཀྱི་ལམ་བུ་འཕེལ་རྒྱས》ཀྱི་རྒྱབ་ཤ་དཀར་པོའི་དེབ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།