དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས“2024ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་12ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2024ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་གཉེར་ནས་ལོ་10སོང་རིང་། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གནད་དོན་ལ་དཔྱད་བསྡུར་གཏིང་ཟབ། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོའི་འདོད་ཚུལ་མཉམ་སྤྱོད་ཧུར་ཐག་བཅས་བྱས་ནས། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་སྤེལ་རེས་དང་བསམ་ཤེས་བྱེད་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    “2024ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”དེ་ཉིན་སི་ཕེན་གྱི་མ་ཏེ་རིར་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“ཐུན་མོང་ཐོག་བྱ་སྤྱོད་སྤེལ། ཐུན་མོང་ཐོག་འབྱུང་འགྱུར་གཏོད”ཅེས་པ་དེ་ཡིན་ཞིང་། དེ་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་མཛའ་གྲོགས་སྤེལ་རེས་མཐུན་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་དེ་བཞིན་འཛམ་གླིང་གཙོ་འཛིན་མནའ་འབྲེལ་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།