དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལྗོངས་ཕྱིའི་ལས་ཞུགས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ།

    གངས་ལྗོངས་ས་མཐོ་ནས་ཡོང་བའི“ཧོང་ཧྲི་བ་གསར་པ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-14

    ཉེ་བའི་ལོ་ཤས་རིང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་མང་དག་ཅིག་གངས་ལྗོངས་ས་མཐོ་ནས་ཐོན་ཏེ། ཧུའུ་པེ་དང་ཧོང་ཧྲིར་ལས་ཀར་ཞུགས་ནས་འཚོ་བ་སྐྱེལ་འགོ་ཚུགས་པས“ཧོང་ཧྲི་བ་གསར་པར”གྱུར་ཡོད།

    2020ལོར་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་དང་ཆུ་གསུམ་རྫོང་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “ཧུའུ་པེ་དང་བོད་དབར་གྱི་བརྩེ་སེམས”ཞེས་པའི་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལྗོངས་ཕྱིར་ལས་ཞུགས་ལས་དོན་སྤེལ་འགོ་བཙུགས་ཏེ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལང་ཚོའི་ཉམས་འགྱུར་དང་ཕུགས་བསམ་མངོན་དུ་འགྱུར་བའི་ལམ་བུ་ཞིག་བཏོད་ཡོད།

    2020ལོའི་ཟླ་11པར་ཧོང་ཧྲི་གྲོང་ཁྱེར་གྱི་ཁག་ལྔ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་35འཁྲིད་དེ་ཧོང་ཧྲི་གྲོང་ཁྱེར་དུ་ལས་ཞུགས་བྱེད་པར་སྐྱོད་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁག་དང་པོ་རེད།

    2022ལོར་ཆུ་གསུམ་རྫོང་ཨུད་དང་། རྫོང་སྲིད་གཞུང་། ཧོང་ཧྲི་གྲོང་ཁྱེར་བཅས་ཀྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་རུ་ཁག་གིས“ཁུར་མོང་འཕུར་ལྡིང”ཞེས་པའི་བྱ་སྤྱོད་སྤེལ་ཏེ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལྗོངས་ཕྱིའི་ལས་ཞུགས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། ལས་གནས་གསར་སྤེལ་གཏོད་ཐད་ཧོང་ཧྲི་དང་ཆུ་གསུམ་ས་གནས་གཉིས་དབར་མཉམ་འབྲེལ་བྱས་ཤིང་། བོད་སྐྱོར་ལས་དོན་རུ་ཁག་གིས་འབྲེལ་ཟམ་བཙུགས་ནས་ཤིན་ཕུའུ་ཀུང་སི་དང་ཧྭ་ཤིན་ཨར་འདམ་གཉིས་དབར་ལས་ཞུགས་བོད་སྐྱོར་གྱི་གྲོས་མཐུན་བཞག་པ་དང་། ཧོང་ཧྲི་གྲོང་ཁྱེར་མི་སྤྱི་ཅུས་ལ་བརྟེན་ནས་ཧོང་ཧྲི་གྲོང་ཁྱེར་འཕེལ་རྒྱས་ཚོགས་པ་དང་གཞུང་ཁོངས་རྒྱུ་ནོར་ཀུང་སི་སོགས་ཁེ་ལས་དབར་ལས་ཞུགས་བོད་སྐྱོར་གྱི་གྲོས་མཐུན་བཞག་ནས“ས་གནས་གཉིས་ཀྱི་མི་སྤྱི་སྡེ་ཚན་གྱིས་ཕྱོགས་གཉིས་དམ་འཛིན་དང་བོད་སྐྱོར་ལས་དོན་རུ་ཁག་གིས་འབྲེལ་བ་འཛུགས་པའི”ལས་ཀའི་རྣམ་པ་ཞིག་ཆགས་ཡོད། གཞན་ཡང་ཁེ་ལས་མི་རེ་ངོ་རེར་འདྲི་རྟོགས་བྱས་ནས་ཁེ་ལས་ཀྱི་དགོས་མཁོ་དངོས་ཤེས་རྟོགས་བྱས་ཏེ། ཁེ་ལས་ལ་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་འོས་སྦྱོར་གྱིས་ཁེ་ལས་དང་ལས་ཀ་འཚོལ་མཁན་ཕྱོགས་གཉིས་ཀས་ཕན་ཚུན་གདམ་ག་དང་ཕན་ཚུན་འགྲོ་འོང་བྱེད་པར་རམ་འདེགས་བྱས་ཡོད།

    ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧོང་ཧྲིར་ཐོག་མར་འབྱོར་སྐབས་མ་འཕྲོད་པའི་གནད་དོན་ཐག་གཅོད་བྱེད་ཆེད། ཧོང་ཧྲི་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གི་མཛུབ་ཁྲིད་འོག་ལས་ཞུགས་བོད་སྐྱོར་ཁེ་ལས་ཁག་གིས་ལས་གནས་མི་འདྲ་བའི་ཐེམ་ཁུངས་བོད་ནས་ཡིན་པའི་ལས་བཟོའི་དོན་དངོས་ལ་དམིགས་ཏེ། ལས་རིགས་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ནས་ལས་གནས་ཀྱི་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོ་ཁུར་དང་ཁེ་ལས་ཀྱི་འགོ་ཁྲིད་དང་ལས་རོགས་ཀྱི་མཛུབ་ཁྲིད་དང་རོགས་རམ་འོག ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་རྣམས་ཡུན་རིང་མ་སོང་བར་རང་རྐྱ་འཕེར་བའི་ལས་སྒོའི་རྐང་འཛིན་པར་གྱུར་ཏེ་ས་གནས་དེ་གར་འཚོ་བ་ཡག་པོ་སྐྱེལ་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་རིམ་རྩིས་བྱས་ན་ཧུའུ་པེར་ལས་ཞུགས་ཐུབ་པ་241ཟིན་པའི་ནང་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་ཐུབ་པ་228ཡོད། དེའི་ནང་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱིས་རིམ་རྩིས་ལྟར་ན་ཆུ་གསུམ་རྫོང་དང་དེ་བཞིན་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་གཞན(ཆུས་དང་གྲོང་ཁྱེར)གྱི་མཐོ་སློབ་སློབ་ཐོན་སློབ་མ་148ལས་ཞུགས་ཐུབ་ཡོད།

    2024ལོར་ཧོང་ཧྲི་གྲོང་ཁྱེར་གྱིས་སླར་ཡང་ལས་ཞུགས་ལས་གནས་100ལྷག་ཙམ་བཏོད་དེ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།