དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་སུ་ཕྱི་དངུལ་དུས་བཅད་ཀྱི་ལས་སྒོ་ ཐོག་མ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-14

    འདི་ལོ་ཚུན། རང་ལྗོངས་ཀྱི་ཕྱི་དངུལ་དང་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་འཛའ་ཐང་ཉེན་འདོམས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་ཆེད། ཕྱི་དངུལ་ཅུས་བོད་ལྗོངས་ཡན་ལག་ཅུས་ཀྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་ཧུར་ཐག་སྤྱད་དེ་ཕྱི་དངུལ་དུས་བཅད་ཀྱི་ལས་སྒོ་ཐོག་མ་གཉེར་བར་སྐུལ་འདེད་བཏང་བ་རེད།

    2024ལོའི་ཟླ་11པར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཤིག་དང་མཉམ་དུ་ཉིན་7གྱི་ཕྱི་དངུལ་དུས་བཅད་ཀྱི་གན་རྒྱར་མིང་རྟགས་བཀོད་པ་དེའི་དངུལ་འབོར་ཨ་སྒོར་ཁྲི་4.6ཟིན་ཡོད། ཕྱི་དངུལ་དུས་བཅད་ཀྱི་ལས་སྒོ་གཉེར་བ་བརྒྱུད་ཁེ་ལས་ཀྱིས་ཉེ་རྒྱང་སྣེ་མོ་གཉིས་ཀྱི་འཛའ་ཐང་གཏན་འཁེལ་ཐུབ་པ་དང་འཛའ་ཐང་འཕར་ཆག་ཆེ་བ་ལས་བྱུང་བའི་ཉེན་ཁ་འགོག་ཐུབ་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་དངུལ་ཅུས་བོད་ལྗོངས་ཡན་ལག་ཅུས་ཀྱིས་ཐབས་ལམ་མང་པོ་ནས་ཤུགས་བརྒྱབ་སྟེ། འཛའ་ཐང་གི་ཉེན་གཡོལ་ཤེས་བྱ་དང་དངུལ་ཁང་གི་ཕྱི་དངུལ་མཆེད་རྫས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལ་ཉེན་འདོམས་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་ལྗོངས་ནང་ཁུལ་གྱི་གཙོ་གནད་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་སུ་བསྐྱོད་ནས་བཅར་འདྲིའི་བྱེད་སྒོ་སྤེལ་བ་དང་ཁེ་ལས་ཀྱི་འཛའ་ཐང་ཉེན་འདོམས་ལས་སྒོའི་དགོས་མཁོ་ཤེས་རྟོགས་བྱས་ཏེ། སྲིད་ཇུས་གསལ་འགྲེལ་དང་འཛའ་ཐང་ཉེན་འདོམས་ལ་ངོ་ཐུག་གདོང་འཕྲད་ཀྱིས་ཟུར་ཁྲིད་བྱས་ནས་ཁེ་ལས་ལ་འཛའ་ཐང་གི་ཉེན་ཁར་ཁ་གཏད་ནུས་ལྡན་གཅོག་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།