ཟླ་12ཚེས་13ཉིན་ནས་ས་ཆ་ཁག་གཅིག་ལ་དྲོད་ཚད་ཤུགས་ཆེན་ཆག་པ་འདུག
གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་12ཚེས་13ཉིན་ནས་བཟུང་མཁའ་རླུང་གྲང་མོའི་ཤུགས་རྐྱེན་གྱིས་རང་ལྗོངས་སུ་དྲོད་ཚད་ཤུགས་ཆེན་པོ་ཆག་རྒྱུ་རེད་འདུག
མ་འོངས་ཉིན་གཉིས་ནང་། རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་རིམ་བཞིན་ཆག་རྒྱུ་དང་། ས་ཆ་ཁག་གཅིག་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཡན་ཆག་རྒྱུ་རེད་འདུག དེས་དྲོད་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཏེ་གནམ་གཤིས་གྲང་དུ་འགྲོ་རྒྱུ་ཡིན་པ་མཚོན་པས། དྲོད་སྲུང་དང་གྲང་འགོག་ཐད་དོ་སྣང་དེ་བས་བྱེད་དགོས།
མིག་སྔར། རང་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་སྟེ། དཔེར་ན་མེ་ཏོག་རྫོང་གི་གཞུང་ལམK52དང་མ་ཡུམ་ལ་སོགས་ཀྱི་ལམ་རྒྱུད་དུ་གངས་གསོག་མངོན་གསལ་དོད་པོ་ཐེབས་ཡོད་པས། རྒྱ་ཆེའི་ཁ་ལོ་བ་ཚོས་ལམ་བུ་འདི་དག་བརྒྱུད་སྐབས་ངེས་པར་དུ་རླངས་འཁོར་དལ་པོས་བཏང་ནས་འགྲོ་སྐྱོད་བདེ་འཇགས་ལ་དོ་སྣང་བྱེད་དགོས།