རང་རྒྱལ་དུ་བསྐྲུན་ཟིན་པའམ་སྐྲུན་བཞིན་པའི་མཚོ་སྒྲོལ་ཟམ་ཆེན་100ཙམ་ཟིན་པ།
མཚོ་སྒྲོལ་ཟམ་ཆེན་འཇའ་ཚོན་བཞིན་དུ་མཛེས།
ཟླ་12ཚེས་11ཉིན། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཡིན་པའི་ཧོང་མའོ་ཧའེ་མཚོ་སྒྲོལ་ཟམ་ཆེན་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། ཧོང་མའོ་ཧའེ་མཚོ་སྒྲོལ་ཟམ་ཆེན་2020ལོའི་ཟླ་6པར་སྐྲུན་འགོ་ཚུགས་པ་རེད། འདི་ནི་ཧོང་མའོ་ཧའེ་ཟམ་ཆེན(གཡས་ངོས་ཀྱི་ཟམ་རྟེན་གཙོ་བོ་གསུམ)དང་ཀའོ་ལན་གྲུ་ཁའི་ཟམ་ཆེན(གཡོན་ངོས་ཀྱི་ཟམ་རྟེན་གཙོ་བོ་གཉིས)གྱི་ཟམ་རྟེན་གཙོ་བོ་ཡིན་པ།
ལོ་10ལྷག་ཙམ་རིང་། གསར་གཏོད་ཀྱི་གྲུབ་འབྲས་རེ་རེ་དང་ལག་རྩལ་གྱི་འགག་སྒྲོལ་རེ་རེ་ལས་ཀྲུང་གོའི་མཚོ་སྒྲོལ་ཟམ་ཆེན་གྱིས“རིང་ཤོས་དང་། མཐོ་ཤོས། ཆེ་ཤོས། མགྱོགས་ཤོས”བཅས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད།
2010ལོའི་ལོ་མཇུག་ཏུ་ཆིང་ཏའོ་ཅའོ་ཀྲོའུ་མཚོ་ཁུག་ཟམ་ཆེན་ཤར་གཏོང་ཐུབ་པ།
2018ལོའི་ཟླ་10པར་འཛམ་གླིང་རིམ་པའི་ལས་གྲྭའི་ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།
ཟླ་12ཚེས་11ཉིན། དུས་ཡུན་ལོ་4ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། ཧོང་མའོ་ཧའེ་མཚོ་སྒྲོལ་ཟམ་ཆེན་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་རེད། རིང་ཚད་ལ་སྤྱི་ལེ་31ཟིན་པས་རྒྱལ་ནང་གི་མཚོ་སྒྲོལ་ཟམ་ཆེན་རིང་ཤོས་10ཡི་གྲས་སུ་ཚུད་པ་དང་ཀོང་ཏུང་གི་ཀྲུའུ་ཧའེ་དང་ཅང་མོན་མཚོ་སྒྲོལ་ཟམ་ཆེན་སྦྲེལ་མཐུད་ཐུབ་ཡོད།
ལོ་ངོ་ཆིག་སྟོང་ལྷག་ཙམ་རིང་ཆུ་བོ་སྒྲོལ་བའི་ཤིང་ཟམ་ནས་རྒྱ་མཚོ་སྒྲོལ་བའི་ཟམ་ཆེན་བར“ཀྲུང་གོའི་ཟམ་པའི”འཛུགས་སྐྲུན་ལག་རྩལ་རྒྱུན་འཛིན་དང་མཆོང་སྐྱོད་བྱུང་ཡོད།
ད་ཆ། ཀང་ཀྲུའུ་ཨའོ་ཟམ་ཆེན་དང་ཧྲེན་ཀྲུང་ཟམ་ཆེན་སོགས་ཀྱིས་མཚོན་བྱེད་དུ་བྱེད་པའི་མཚོ་སྒྲོལ་ཟམ་ཆེན་མང་པོ་ཞིག་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བའི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་ནས། ཀྲུང་གོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་མངོན་བཞིན་ཡོད།
གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་མཚོ་སྒྲོལ་ཟམ་ཆེན་རྒྱུན་མི་ཆད་པར་གསར་སྐྲུན་བྱེད་པ།
སྔོན་ལ་ཧོང་མའོ་ཧའེ་རྒྱ་མཚོ་སྒྲོལ་བ་དང་དེ་ནས་ལིང་ཏིང་དབྱང་རྒྱ་མཚོ་སྒྲོལ་ཞིང་། ཧོང་མའོ་ཧའེ་མཚོ་སྒྲོལ་ཟམ་ཆེན་དང་ཀང་ཀྲུའུ་ཨའོ་ཟམ་ཆེན་ལས་གྲུབ་པའི“རིམ་འདས་མཚོ་སྒྲོལ་ཟམ་ཆེན”གྱིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ཐད་སྦྲེལ་ཐུབ་ནས། ཅང་མོན་དང་། ཀྲུའུ་ཧའེ། ཨའོ་མོན། ཤང་ཀང་བཅས་གྲོང་ཁྱེར་བཞི་དམ་པོར་སྦྲེལ་ཡོད།
རིང་ཚད་སྤྱི་ལེ་བརྒྱ་ཡོད་པའི་ཐད་ཀར་སྐྱོད་པའི་ཟམ་ཆེན་དེས་རླངས་འཁོར་ཤར་གཏོང་ཐུབ་ནས་ཡུན་རིང་མ་སོང་བའི་ཧྲེན་ཀྲུང་ཟམ་ཆེན་དང་སྐྲུན་བཞིན་པའི་ཧྲི་ཙི་དབྱང་མཚོ་སྒྲོལ་ཟམ་ཆེན་སོགས་དང་གཅིག་རམ་གཅིག་འདེགས་ཀྱིས་མཚོ་སྒྲོལ་ཟམ་ཆེན་ཚོམ་བུ་གྲུབ་ནས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ“ནང་སྐོར་དང་། དཀྱིལ་སྐོར། ཕྱི་སྐོར”བཅས་ཀྱི་རིམ་གསུམ་ཟམ་ཆེན་གྲུབ་ཡོད་པ་རེད།
མཚོ་སྒྲོལ་ཟམ་ཆེན་དག་ལས་རང་རྒྱལ་གྱིས་མཚོ་སྒྲོལ་ཟམ་པ་སྐྲུན་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འདུས་ཡོད།
“རང་རྒྱལ་གྱི་སྐམ་ས་ཆེ་མོའི་མཚོ་སྒྲོལ་ཟམ་ཆེན་ནི་དུས་རབས་གོང་མའི་ལོ་རབས་80ནས་90ཡི་བར་སྐྲུན་འགོ་ཚུགས་པ་དང་། དུས་རབས་འདིའི་དུས་འགོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་མཚོ་སྒྲོལ་ཟམ་ཆེན་གྱི་ལས་གྲྭ་ཆེ་གྲས་སྐྲུན་འགོ་ཚུགས་ཡོད”ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཞུང་ལམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ད་བར་རང་རྒྱལ་གྱི་བསྐྲུན་ཟིན་པའམ་སྐྲུན་བཞིན་པའི་མཚོ་སྒྲོལ་ཟམ་ཆེན་100ཙམ་ཟིན་ཡོད་པ་རེད།
གོ་ལ་ཧྲིལ་པོའི་ཚད་གཞིར་གཞིགས་ན་དེ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་170ཙམ་གྱི་འཛམ་གླིང་གི་དེང་རབས་མཚོ་སྒྲོལ་ཟམ་ཆེན་སྐྲུན་པའི་ལོ་རྒྱུས་ཁྲོད་ཀྲུང་གོ་ཕུད་འཛམ་གླིང་ས་གནས་ཁག་ཏུ་བསྐྲུན་ཟིན་པ་དང་། སྐྲུན་བཞིན་པ། སྐྲུན་རྩིས་ཡོད་པ་བཅས་ཀྱི་ལས་གྲྭ་120ཙམ་ཡོད་པའི་ནང་རིང་ཚད་སྤྱི་ལེ་10ལས་བརྒལ་བའི་ཟམ་ཆེན་ལས་གྲྭ་ཆེ་གྲས་ཀྱི་བཟུང་ཚད་ཉུང་ཉུང་ཡིན་པ་རེད།
“དུས་རབས་གོང་མའི་ལོ་རབས་80པ་ནས་ད་བར་སློབ་སྦྱོང་དང་རྗེས་སྙེག མཐོར་གཏོང་དང་སྙེག་པའི་དུས་མཚམས་གཉིས་བརྒྱུད་རྗེས། རང་རྒྱལ་གྱི་མཚོ་སྒྲོལ་ཟམ་ཆེན་དེ་གསར་གཏོད་དང་ཚད་བརྒལ་གྱི་དུས་མཚམས་གསར་པར་ཕྱོགས་ཡོངས་ནས་སླེབས་ཡོད”ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཞུང་ལམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
ལོ་10ལྷག་ཙམ་རིང་གསར་གཏོད་ཀྱི་གྲུབ་འབྲས་རེ་རེ་དང་ལག་རྩལ་གྱི་འགག་སྒྲོལ་རེ་རེ་ལས་ཀྲུང་གོའི་མཚོ་སྒྲོལ་ཟམ་ཆེན་གྱིས“རིང་ཤོས་དང་། མཐོ་ཤོས། ཆེ་ཤོས། མགྱོགས་ཤོས”བཅས་ཀྱི་ཟིན་ཐོ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུར་རམ་འདེགས་བྱས་པ་སྟེ།
2010ལོའི་ལོ་མཇུག་ཏུ། ཤར་གཏོང་ཐུབ་པའི་ཆིང་ཏའོ་ཅའོ་ཀྲོའུ་མཚོ་ཁུག་ཟམ་ཆེན་དེ་རང་རྒྱལ་གྱིས་བྱང་ཕྱོགས་ས་ཁུལ་དུ་བསྐྲུན་པའི་མཚོ་སྒྲོལ་ཟམ་ཆེན་དང་པོ་དེར་གྱུར་ནས་གྲང་ངར་ཆེ་བའི་མཚོ་ཁུལ་དུ་མཚོ་སྒྲོལ་ཟམ་པ་བསྐྲུན་རྒྱུར་ཇུས་གཞི་གསར་པ་མཁོ་འདོན་བྱས་ཡོད།
2018ལོའི་ཟླ་10པར། འཛམ་གླིང་རིམ་པའི་ལས་གྲྭའི་ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཕྱི་ཁོངས་རྒྱ་མཚོའི་མདོང་ལམ་སྒྲིག་སྦྱོར་གྱི་ལག་རྩལ་ཆ་ཚང་རང་བརྟེན་འགག་སྒྲོལ་བྱས་པ་བརྒྱུད། འཛམ་གླིང་ཐོག་རིང་ཤོས་དང་མཚོ་འཇིངས་མདོང་ལམ་ཕུག་ལམ་ཐོག་མ་དེ་བསྐྲུན་ཡོད།
ཧོང་མའོ་ཧའེ་མཚོ་སྒྲོལ་བགྲོད་ལམ་སྐྲུན་པའི་ཁྲོད་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན་ཚོགས་པས་རིག་ནུས་ཟམ་རྟེན་མ་ལག་རིམ་སྤོར་བྱས་པས། ཟམ་རྟེན་རེ་སྐྲུན་པའི་ལས་ཡུན་ཉིན་8ནས་ཉིན་5བར་ཐུང་དུ་ཕྱིན་ནས་ཨར་སྐྲུན་གྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
ལས་གྲྭ་འཆར་འགོད་ནས་ཨར་ལས་འཛུགས་སྐྲུན་གྱི་འཁོར་འབྲེལ་ཧྲིལ་པོའི་བར། རང་རྒྱལ་གྱིས་གཞི་རྩའི་ཆ་ནས་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པ་དང་རང་བརྟེན་འཛུགས་སྐྲུན་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ནས། མཚོ་སྒྲོལ་ཟམ་ཆེན་བརྟན་པོའི་ངང་སྐྲུན་པའི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ཡོད།