དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཚོང་པའི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་བ།

    ཉོ་སྐྱེལ་བཟའ་བཏུང་གི་བརྒྱུད་རིམ་ཧྲིལ་པོར་འཕྲོ་བརླག་སྔོན་འགོག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-13

    ཉེ་ཆར། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཉོ་སྐྱེལ་བཟའ་བཏུང་གི་འཕྲོ་བརླག་སྔོན་འགོག་གིས་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་མཛུབ་ཁྲིད》(གཤམ་དུ《མཛུབ་ཁྲིད》ཞེས་བསྡུ་རྒྱུ)བཀྲམ་ནས་ཉོ་སྐྱེལ་ཚོང་པའི་ཚོང་གཉེར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་སྟེ་དྲ་རྒྱའི་བཟའ་བཏུང་ལས་སྟེགས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཉོ་སྐྱེལ་བཟའ་བཏུང་གི་འཕྲོ་བརླག་སྔོན་འགོག་གིས་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཏོད་ཡོད། 《མཛུབ་ཁྲིད》ནང་། དྲ་རྒྱའི་བཟའ་བཏུང་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཉོ་སྐྱེལ་བཟའ་བཏུང་འཕྲོ་བརླག་གི་གཙོ་གནད་དང་། གནད་ས། དཀའ་གནད་བཅས་ཀྱི་གནད་དོན་ལ་གཞིགས་ནས། ཉོ་སྐྱེལ་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་ནས་འགོ་བཙུགས་ཏེ་བཟའ་བཅའ་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དག་ལས་སྒོའི་བརྒྱུད་རིམ་ཡོངས་ཀྱི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱ་རྒྱུ་རེད།

    《མཛུབ་ཁྲིད》ནང་། ཉོ་སྐྱེལ་དབང་གིས་བཟའ་བཏུང་འཕྲོ་བརླག་འགྲོ་སྲིད་པའི་ཚོང་གཉེར་བྱ་སྤྱོད་ལ་ཁྲིད་སྟོན་བྱས་ཏེ་འབྲེལ་ཡོད་ལྷུ་ཚིགས་སུ་བཟའ་བཏུང་འཕྲོ་བརླག་སྔོན་འགོག་གི་བླང་བྱ་ཞིབ་ཕྲ་ཁ་གསལ་བཟོས་ཡོད། ཉོ་སྐྱེལ་ཚོང་པར་ནང་ཁུལ་གྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱུ་ཆ་དང་ཐོན་རྫས་འཕྲོ་བརླག་ཉུང་དུ་གཏོང་བ་དང་། བཟའ་བཏུང་མཁོ་སྤྲོད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། ཉོ་སྐྱེལ་གྱི་རིན་གོང་ལུགས་མཐུན་ངང་བཀོད་སྒྲིག མང་ཉོ་གོང་ཁེའི་གཟིགས་སྐྱོང་ལམ་སྲོལ་ལེགས་སྒྱུར་བཅས་བྱ་རྒྱུར་སྐུལ་ལྕག་བཏང་སྟེ་རྒྱས་ཟ་རྒྱས་འཐུང་དང་ཚད་མེད་ཟ་བ་སོགས་ཀྱི་ཟ་མ་འཕྲོ་བརླག་གི་ཐད་གཏོང་ངམ་ཡང་ན་བརྙན་ལམ་སྒྲིག་བཟོ་དང་། ཁྱབ་སྤེལ། བརྒྱུད་སྤེལ་འུད་སྒྲོག་བཅས་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

    《མཛུབ་ཁྲིད》ནང་། དྲ་རྒྱའི་བཟའ་བཏུང་ལས་སྟེགས་ཀྱིས་བཟའ་བཅའི་ཆ་འཕྲིན་སྤེལ་སྟངས་སྔར་བས་ལེགས་སུ་གཏོང་བ་དང་ལོངས་འཕྲི་ཁ་སྣོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་པས་སྤེལ་བའི་བརྡ་ཆའི་ནང་དོན་ལ་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉོ་སྐྱེལ་བཟའ་བཏུང་གི་འཕྲོ་བརླག་ལ་གདེང་འཇོག་དཔྱད་དཔོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།