རྒྱལ་ཐོན་གནམ་གྲུ་ཆེན་པོ་C919ལ་འགྲུལ་པ་བླུགས་ནས་ཧའེ་ནན་དུ་ཐོག་མར་འབྱོར་བ།
ཟླ་12ཚེས་11ཉིན་གྱི་ཆུ་ཚོད་12དང་སྐར་མ་57ལ། C919ཡིས་འཕུར་འགན་ཁུར་བའི་ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུ་CZ6786ཀོང་ཀྲོའུ་ནས་ཧའེ་ཁོའུ་རུ་འཕུར་ནས་རྒྱལ་ཐོན་གནམ་གྲུ་ཆེན་པོ་C919ཡི་ཧའེ་ནན་གྱི་ཚོང་ལས་འཕུར་སྐྱོད་དང་པོ་ལེགས་གྲུབ་བྱུང་བ་རེད། འདི་ནི་ཟླ་12ཚེས་11ཉིན། ཡུལ་སྐོར་བས་གནམ་གྲུ་ལས་བབས་རྗེས་རྒྱལ་ཐོན་གནམ་གྲུ་ཆེན་པོ་C919མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།