དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྒྱུར་བཅོས་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-13

    སྦྱོང་དུས་སློབ་མཁན་ཡོད་པ།  འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་མས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་བཞིན་པ།

    བྱིས་པ་སྐྱོང་མཁན་ཡོད་པ།  འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རོལ་རྩེད་གླིང་བུ་བཅོལ་ཁང་གི་ཕ་མ་བུ་ཕྲུག་གི་ལུས་རྩལ་འགྲན་ཚོགས་འཚོག་ཡུལ་ཡིན་པ།

    སྡོད་སའི་ཁང་པ་ཡོད་པ།   འདི་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་བཀོད་སྒྲིག་ཁུལ་ཆུང་ཡིན་པ།

    དམངས་ལ་རེ་སྒུག་ཡོད་པ།   འདི་ནི་ལྷ་ས་གྲོང་ཁྱེར་སེམས་དྲོད་སོལ་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་དོན་པས་ཁྲོ་ཐབ་ཁང་དུ་སྒྲིག་ཆས་འཁོར་སྐྱོད་བྱེད་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉམ་ཆུང་སྐྱོར་མཁན་ཡོད་པ།   འདི་ནི་འདེབས་འཛུགས་རྟེན་གཞིའི་ལས་དོན་པས་ཤིང་ཏོག་གི་སྐྱེ་ཚུལ་ལ་ལྟ་བཞིན་པ།

    རྒས་དུས་འཚོ་རྟེན་ཡོད་པ།   འདི་ནི་རྒན་རྒོན་ཚོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་ཁ་ལག་ཟ་བཞིན་པ།

    ན་དུས་སྨན་བཅོས་ཐུབ་པ།   འདི་ནི་ལྷ་ས་གྲོང་ཁྱེར་ཚེ་སྨོན་གླིང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལས་བྱེད་པ་འཕྲོད་སྦྱོར་ཁྲུའི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག་རྫོང་རྒྱབ་ཀླུ་ཁང་དུ་འོས་འགན་སྨན་བཅོས་བྱེད་བཞིན་པ།

    འཕེལ་རྒྱས་གཏོང་རིང་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་བ་དང་། སྒྱུར་བཅོས་གཏིང་ཟབ་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ཁྱབ་རྒྱ་ཆེ་བ་དང་། གཞི་རྩར་འགན་ལེན། སྤུས་ཚད་ལྡན་པ་བཅས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་བསྐྲུན་ཡོད། མིག་སྔར། བོད་དུ་ཁྱོན་བསྡོམས་བུ་བཅོལ་ཁང་2474(དམངས་བཙུགས་བུ་བཅོལ་ཁང་48དང་དཔུང་སྡེའི་བུ་བཅོལ་ཁང་1ཚུད་པ)ཡོད་པ་དང་། སྲིད་འཛིན་གྲོང་ཚོ་90%ཙམ་དུ་ཁེར་རྐྱང་ངམ་ཡང་ན་གྲོང་ཚོ་སྦྲེལ་ནས་བུ་བཅོལ་ཁང་བསྐྲུན་ཡོད་པ། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་100%ཟིན་པ། བུ་བཅོལ་ཁང་དུ་བྱིས་པ་ཁྲི་15.21ཡོད་པ། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་90.43%ཟིན་ཡོད།

    འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བརྟན་པོ་བཏང་ཡོད། རང་ལྗོངས་ཀྱིས་སྡོད་སའི་ཁང་པ་ཡོད་པ་དེ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་སྟོན་གྲངས་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་དུ་བརྩི་བ་དང་། “མི་དམངས་མང་ཚོགས་དེ་བས་ལེགས་པའི་ཁང་པར་སྡོད་དུ་འཇུག་རྒྱུ”དེ་ལས་ཀའི་གཞི་རྟེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། ད་ལོའི་ཟླ་9པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་26.09བཏང་བ་དང་། གཏོང་རྩིས་ཡོད་པའི་མ་འཇོག་གི་124.53%ལེགས་གྲུབ་ཟིན་ཡོད།

    སྨན་བཅོས་འགན་བཅོལ་དང་འབྲེལ་བ་ཡོད་པའི་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། 2023ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》བཏོན་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན་རིམ་པའི་སྤྱི་འདོམས་མངོན་འགྱུར་བྱུང་བ་དང་། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་ཞག་སྡོད་བྱེད་པའི་སྨན་རིན་རྩིས་ཞུའི་བསྡུར་གྲངས་བརྒྱ་ཆའི་གྲངས་2འཕར་བ་སོགས་བྱུང་ཡོད།

    བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། དམངས་ལ་རེ་སྒུག་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོར་མཁན་ཡོད་པ་བཅས་རང་ལྗོངས་ཀྱི་དམངས་འཚོའི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་ཐོག་མའི་གྲོན་དངུལ་ལོ་འཁོར་རིམ་རྩིས་བརྒྱབ་པའི་སྒོར་50བར་དམའ་རུ་བཏང་བ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་60%ཟིན་ཡོད། རང་ལྗོངས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ཆེ་གྲས་36དང་ནད་གཞི་51ལ་ཁྱབ་ཡོད་པ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་90%ཟིན་ཡོད།

    རྒས་དུས་འཚོ་རྟེན་ཡོད་པ།

    བོད་ཀྱིས་རིམ་རྩིས་བརྒྱབ་ན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80བསྐྲུན་ནས་གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་གྱི་ཞབས་འདེགས་ཞུས་ཏེ“བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་གསོ་དགོས་རིགས་ཚང་མ་གསོ་བ”མངོན་འགྱུར་བྱུང་ཡོད།

    བྱིས་པ་སྐྱོང་མཁན་ཡོད་པ།

    ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་100%ཟིན་པ་དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི་15.21ཡོད་པ། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་90.43%ཟིན་ཡོད།

    སྦྱོང་དུས་སློབ་མཁན་ཡོད་པ།

    བོད་དུ་འོས་འགན་སློབ་གསོའི་སློབ་གྲྭ་ཁྱོན་བསྡོམས་931ཡོད་པ་དང་། བོད་རང་སྐྱོང་ལྗོངས་ནང་ཁུལ་དུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་54.11ཡོད་པ། དགེ་རྒན་ལས་བཟོ་ཁྲི་5.3ཡོད་པའི་ནང་ཆེད་བསྐོས་དགེ་རྒན་ཁྲི་4ཡོད་པ། བོད་ཀྱི་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་97.78%ཟིན་ཡོད།

    དམངས་ལ་རེ་སྒུག་ཡོད་པ།

    མ་དངུལ་སྒོར་དུང་ཕྱུར་37.75གཏོང་རྩིས་ཡོད་ཅིང་། དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་622.41གསར་སྐྲུན་དང་སྒྱུར་བཀོད་བྱ་རྒྱུ་ཡིན་པ་དང་དེ་བསྐྲུན་རྗེས་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་རྒྱུ་རེད།

    སྡོད་སའི་ཁང་པ་ཡོད་པ།

    2024ལོར་ལྗོངས་ཡོངས་ཀྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ(ཁང་པ)ཁྲི་3.95གསར་སྐྲུན་དང་མཐུད་སྐྲུན་བྱས་པ་དང་ཁུལ་ཆུང་རྙིང་པ་38སྒྱུར་བཀོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།