ཀན་སུའུ་ཨ་ཁེ་སའེ་རུ་གངས་གསོག་བཤངས་ནས་འགྲུལ་བཞུད་ལ་འགན་ལེན་བྱས་པ།
ཟླ་12ཚེས་9ཉིན་གྱི་ཆུ་ཚོད་8ནས་ཚེས་10ཉིན་གྱི་ཆུ་ཚོད་8བར། ཀན་སུའུ་ཡི་རྫོང་དང་ཆུས་67དུ་གངས་བབས་ནས་གནམ་གཤིས་གྲང་དུ་ཕྱིན་ཡོད། སྡེ་ཚན་མང་པོས་ཁ་གཏད་ཧུར་ཐག་བཅག་ནས་འགྲོ་ལམ་གྱི་གངས་གསོག་བཤངས་ཤིང་། འདི་ནི་ཀན་སུའུ་ཨ་ཁེ་སའེ་ཧ་སག་རིགས་རང་སྐྱོང་རྫོང་ཁོངས་ཀྱི་རྒྱལ་ལམ་215ཡི་ཏང་ཅིན་ཧྲན་རི་བོའི་ལམ་དུམ་དུ་གངས་གཤོང་འཕྲུལ་འཁོར་གྱིས་གངས་གཤོང་བཞིན་པ།