དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་སྒྲིག་གཞི་དང་མི་སྣས།

    ལྷུན་གྲུབ་རྫོང་བྱེ་མ་གྲོང་ཚོའི་ཡུལ་མིར་འཚོ་བའི་མཁོ་ཆས་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-13

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་གཅེས་སེམས་མི་སྣས་ལྷུན་གྲུབ་རྫོང་བྱེ་མ་གྲོང་ཚོར་ཞལ་འདེབས་བྱེད་སྒོ་སྤེལ་ཏེ། ཡུལ་མི་ཚོས་སྤྱི་ཚོགས་ཁྱིམ་ཚང་ཆེན་མོའི་གཅེས་སེམས་དང་ཐུགས་ཁུར་ཟབ་མོ་ཚོར་བར་བྱས་པ་རེད།

    ཞལ་འདེབས་རྒྱག་ཡུལ་དུ་འཁྲུག་ཆ་དོད་ལ་མི་སེམས་འགུལ་བའི་རྣམ་པས་ཁེངས་ཤིང་། སྤྱི་ཚོགས་སྒྲིག་གཞི་དང་གཅེས་སེམས་མི་སྣས་ཡུལ་མིར་གྱོན་གོས་དང་བཟའ་བཅའ་སོགས་འཚོ་བའི་མཁོ་ཆས་ཞལ་འདེབས་བརྒྱབ་ནས་ཡུལ་མི་ཚོས་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་གཅེས་སེམས་ཚོར་ཞིང་། འཚོ་བའི་མཁོ་ཆས་རག་རྗེས། ཡུལ་མི་ཚོས་ད་ཐེངས་ཞལ་འདེབས་བརྒྱབ་པའི་དངོས་པོ་དེ་དག་གིས་ཁོང་ཚོའི་དཀའ་ངལ་བསལ་བ་མ་ཟད། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཚོར་ལ། མ་འོངས་པའི་རེ་བ་ཡང་ཆེ་རུ་ཕྱིན་སོང་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞལ་འདེབས་བྱེད་སྒོ་ལས་བྱེ་མ་གྲོང་ཚོའི་ཡུལ་མིར་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤྲོད་དང་དགེ་སྒྲུབ་སྙིང་སྟོབས་དར་སྤེལ་ཡང་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།