ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོར་གཅེས་སེམས་དངོས་ཟོག་འབྱོར་ནས་དགུན་གྱི་གྲང་ངར་སེལ་བ།
ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཅིན་ཆུས་ལྷ་སའི་ཏང་ཀྲི་པུས(ཤིན་ཅིན་ཚོང་ཚོགས)ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོར་དངོས་ཟོག་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ནས། པད་ནག་གྲོང་ཚོའི་དཀའ་ངལ་ཡོད་པའི་ཡུལ་མི་38ལ་དགུན་དུས་སུ་དྲོ་སྐྱིད་སྦྱིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དངོས་ཟོག་ཞལ་འདེབས་འབུལ་བའི་མཛད་སྒོ་ནི། པད་ནག་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་དང་ཤིན་ཅིན་ཆུས་ལྷ་སའི་ཏང་ཀྲི་པུས་དུས་འགོའི་འབྲེལ་གཏུག་དང་བརྟག་ཞིབ་མཐུན་སྦྱོར་བྱས་པ་བརྒྱུད། དཀའ་ངལ་ཡོད་པའི་ཡུལ་མིའི་ལོ་ཚད་དང་། གཟུཌ་པོའི་གནས་ཚུལ། དགོས་མཁོ་ངོ་མ་བཅས་ཤེས་རྟོགས་གང་ལེགས་བྱས་པ་གཞིར་བཟུང་སྟེ་གཅེས་སེམས་དངོས་ཟོག་ཉོས་པ་རེད།
ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་འབྲས་དང་། ཐུག་པ། སྣུམ་སོགས་འཚོ་བའི་མཁོ་ཆས་དག་དཀའ་ངལ་ཡོད་པའི་ཡུལ་མིར་སྤྲད་ཅིང་། གཅེས་སེམས་དངོས་ཟོག་དེ་དག་གིས་དགུན་ཁའི་ཉི་འོད་དང་འདྲ་བར། ལུས་ལ་དྲོ་སོབ་སོབ་ཀྱི་སྣང་བ་སྟེར་ཡོང་།
སྟག་རྩེ་ཆུས་པད་ནག་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི་རྡོ་རྗེ་ཚེ་རྒྱལ་གྱིས། ཞལ་འདེབས་འབུལ་བ་ནི་གཅེས་སེམས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཞིག་ཡིན་པ་མ་ཟད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་དམངས་ལ་བྱ་བ་བཟང་པོ་སྒྲུབ་པའི་བསྡུས་རིས་ཤིག་ཀྱང་རེད། སླད་ཕྱིན། པད་ནག་གྲོང་ཚོས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་མུ་མཐུད་ཡུལ་མིར་བྱ་བ་དངོས་མང་ཙམ་སྒྲུབ་ཀྱི་ཡིན་ཞེས་བརྗོད།