དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གི་སྐོར་ལམ་སྒྱུར་བཀོད་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-13

    ཉེ་ཆར། ཁྱོན་མ་དངུལ་སྒོར་ཁྲི་3121བཏང་བའི་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གི་སྐོར་ལམ་སྒྱུར་བཀོད་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་ཞིང་། རྣམ་གྲངས་དེའི་ཁོངས་སུ་ཉང་བྲན་ཁྲོམ་གཞུང་གི་སྤྱི་སོ་གྲོང་ཚོ་དང་ལྷ་གཞུང་གླིང་གྲོང་ཚོ་གཉིས་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གི་སྐོར་ལམ་སྒྱུར་བཀོད་རྣམ་གྲངས་ཀྱི་ཁོངས་སུ་གཙོ་བོ་འགྲོ་ལམ་སྨི་256གི་ཞེང་ཚད་རྒྱ་སྐྱེད་པ་དང་། འགྲོ་ལམ་སྨི་653གསར་དུ་བསྐྲུན་རྒྱུ། འགྲོ་ལམ་སྨི་1116སྒྱུར་བཀོད་བཅས་ཚུད་ཡོད། རྣམ་གྲངས་དེ་ལས་དེ་སྔའི་གུ་དོག་པ་དང་འབར་འབུར་མང་བའི་བྱེ་རྡོའི་ལམ་དེ་གསར་རྐྱང་དུ་གྱུར་པ་དང་ཆབས་ཅིག ད་དུང་སྨི་7719.56ཡོད་པའི་སྔོ་འགྱུར་བར་འཁྱམས་དང་། སྨི་1305.74ཡོད་པའི་སོ་ཕག་རྐང་ལམ། ཟམ་པ་དང་སྤྱི་པའི་གསང་སྤྱོད་བཅས་བསྐྲུན་ནས། གྲོང་མིར་དེ་བས་སྐྱིད་སྣང་དོད་པའི་ཁོར་ཡུག་བཏོད་པ་མ་ཟད། འགྲོ་ལམ་གྱི་ལྷན་སྦྱར་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་ས་ཁོངས་དེའི་སྤྱི་ཡོངས་ཀྱི་བྱེད་ནུས་ཆེ་རུ་ཕྱིན་པ་རེད།

    ཉང་བྲན་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས། ད་རེས་སྐོར་ལམ་སྒྱུར་བཀོད་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་བ་ནི། ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་དང་། ཉང་བྲན་ཁྲོམ་གཞུང་། དེ་བཞིན་འབྲེལ་ཡོད་ཚན་པ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་རེད། འབྱུང་འགྱུར་ཉང་བྲན་ཁྲོམ་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་མུ་མཐུད་དོ་ཁུར་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་མིར་དེ་བས་སྤུས་ལེགས་དང་སྟབས་བདེའི་ཞབས་ཞུ་དང་། དེ་བས་སྐྱིད་སྣང་དོད་ལ་བདེ་འཇགས་ལྡན་པའི་འཚོ་བའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།