གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་ལེགས་སུ་བཏང་ནས་རི་གྲོང་མང་ཚོགས་ཀྱི་བདེ་ཐང་སྲུང་བ།
ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཀྲའོ་ཅ་གྲོང་རྡལ་ནི་རི་ཁུལ་དུ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་གྲོང་རྡལ་དེའི་འཕྲོད་བསྟེན་ཁང་གིས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། རི་གྲོང་གི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི“དྲ་མཐིལ”ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་སྟེ། རི་གྲོང་མང་ཚོགས་ཀྱི་བདེ་ཐང་སྲུང་བཞིན་ཡོད།
འདི་ནི་ཀྲའོ་ཅ་གྲོང་རྡལ་ཏུང་ཤིས་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཀུན་བཅོས་སྨན་ཁང་དུ་སྨན་པས་གྲོང་མིར་བརྟག་དཔྱད་བྱེད་བཞིན་པ།