2024ལོའི་རང་སྐྱོང་ལྗོངས་ཀྱི་ཕིང་ཕང་སྤོ་ལོའི་རིམ་པ་དང་པོའི་ཤན་འབྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཉེ་ཆར། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཕིང་ཕང་སྤོ་ལོའི་རིམ་པ་དང་པོའི་ཤན་འབྱེད་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་གསོ་སྦྱོང་ལ་ལྗོངས་ཡོངས་ཀྱི་ས་གནས་ཁག་གི་ཕིང་ཕང་སྤོ་ལོའི་དགའ་མོས་པ་དང་ཤན་འབྱེད་པ་ཁྱོན་40ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་3ཡིན་ཞིང་། རྒྱལ་སྤྱིའི་རིམ་པའི་ཤན་འབྱེད་པ་ཅང་མའོ་ཕིང་དང་ལི་ཀྲི་ཆང་བོད་དུ་སློབ་ཁྲིད་བྱེད་པར་གདན་དྲངས་ཡོད། འཆད་ཁྲིད་དགེ་རྒན་ཚོས་རིགས་པའི་གཞུང་ལུགས་གསལ་འགྲེལ་དང་། གྱོད་དཔེར་དབྱེ་ཞིབ། ས་གནས་ས་ཐོག་ཏུ་དཔེ་སྟོན། ལག་ལེན་བཀོལ་སྤྱོད་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་སློབ་གཉེར་བ་ཚོར་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྒྲིག་སྲོལ་དང་། ཤན་འབྱེད་བྱ་ཐབས། རྒྱན་འཕེན་སྟངས། ཡུལ་དངོས་སུ་ཤན་འབྱེད་བྱ་ཐབས། དེ་བཞིན་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤན་འབྱེད་སྒྲིག་སྲོལ་གྱི་འགྱུར་ལྡོག་སོགས་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་ངང་འཆད་ཁྲིད་བྱས་པ་རེད།