ལྗོངས་ཡོངས་ཀྱིས་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་གི་ཆེད་དོན་བྱ་སྤྱོད་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
འདི་ལོ་ནས་བཟུང་། རང་ལྗོངས་ཀྱིས་བཟའ་བཏུང་གཉེར་སྐྱོང་དང་། ཉོ་སྐྱེལ། གཉེན་སྟོན། རང་འདེམས་ཟས་རིགས། ལས་ཁུངས་ཀྱི་ཟ་ཁང་སོགས་ལ་དམིགས་ནས་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱེད་པའི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བས། “བྱ་སྤྱོད་རབ་དང་རིམ་པ་ཚད་ལྡན་དུ་ཕྱིན་པ་དང་། ནུས་ལྡན་གྱི་ལམ་སྲོལ་ཆ་ཚང་ཞིག་ཆགས་པ། དཔེ་མཚོན་གྱི་གྱོད་དཔེ་ཁག་གཅིག་དམར་འདོན་བྱས་པ”བཅས་ཀྱི་ལས་ཀའི་ཕན་འབྲས་ཐོན་པ་མ་ཟད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར“གྲོན་ཆུང་བསྲི་ཚཌ་དར་སྤེལ་དང་འཕྲོ་བརླག་ལ་ངོ་རྒོལ”བྱེད་པའི་རྣམ་པ་བཟང་པོ་ཞིག་ཀྱང་བཏོད་ཡོད།
བཟའ་བཏུང་འཕྲོ་བརླག་གཏོང་བར་བཀག་འགོག་བྱེད་པའི་ཆེད་དོན་བྱ་སྤྱོད་ནང་། རང་ལྗོངས་ཀྱིས་བཟའ་བཏུང་འཕྲོག་བརླག་གཏོང་རིགས་བཀག་འགོག་བྱེད་པའི“མིང་ཐོ་དམར་ནག”གི་ལམ་ལུགས་གསར་གཏོད་ལག་བསྟར་བྱས་ནས“མིང་ཐོ་དམར་ནག”གི་མིང་གཞུང་ཐེངས་94ཁྱབ་བསྒྲཌ་བྱས་པ་དང་། ཁེ་ལས་171ལ་གཟེངས་བསྟོད་དང་ཁེ་ལས་251ཐོ་གཞུང་ནག་པོའི་ནང་བཅུག་ནས་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྤྱི་ཚོཌ་ཀྱི་གོམས་སྲོལ་ངན་པ་དུས་ཐོག་ཏུ་བཀག་འགོག་བྱས་ཡོད། མགྱོཌ་ཟས་ཁང་དང་། ཟ་ཁང་། མགྲོན་ཁང་སོགས་ལ་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱེད་པའི“སྐབས་བསྟུན་གཉིས་དང་ཡོངས་བསྒྲཌ་གཅིག”གི་ཁྲིམས་སྒྱུར་ཞིབ་བཤེར་ཐེངས་752དང་བཟའ་བཏུང་ཁང་5449ལ་ཞིབ་བཤེར་བྱས་པས་བཟའ་བཏུང་འཕྲོ་བརླག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་པའི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།