དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མང་ཚོགས་ཕྱིར་སྐྱོད་ཀྱི“མཐའ་མའི་ འགག་གནད”བསལ་བ།

    བཞད་མཐོང་སྨོན་རྫོང་དར་ལྡིང་ཤང་གི་གྲོང་ཚོ་ཡོངས་སུ་འགྲོ་ལམ་ཤར་གཏོང་ཐུབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རང་མོས་ངང་འགྲོ་ལམ་ཉམས་བཟོའི་ལས་ཀར་ཧུར་ཐག་ཞུགས་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དར་ལྡིང་ཤང་ཁ་རུ་གྲོང་ཚོའི་འབྲོག་ཁུལ་དུ་ཁྱོན་དུད་ཚང་4དང་མང་ཚོགས་20ཡོད། དུས་ཡུན་རིང་པོར་དེ་གར་རི་མཐོ་ཞིང་ལམ་ཐག་རིང་བ་དང་བྱེ་རྡོ་གང་སར་སྤུངས་པས་མང་ཚོགས་ཕྱིར་སྐྱོད་སྐབས་རྐང་ཐང་མར་འགྲོ་དགོས་པ་མ་ཟད། དངོས་ཟོག་མི་དང་ཕྱུགས་ཟོག་གིས་དབོར་དགོས་པས། ཕར་འགྲོ་ཚུར་འོང་བྱེད་པར་ཆུ་ཚོད་8ནས་10ལྷག་ཙམ་འགོར་གྱི་ཡོད་པས་སྟབས་ཧ་ཅང་བདེ་པོ་མེད།

    རླངས་འཁོར་ག་དུས་ཤར་གཏོང་ཐུབ་མིན་དེ་ཁ་རུ་གྲོང་ཚོའི་འབྲོག་ཁུལ་མང་ཚོགས་ཀྱི་སེམས་ནད་ཅིག་ཡིན་ཡང་མི་ཤུགས་དང་ནོར་ཤུགས་སོགས་ཀྱིས་རྐྱེན་པས་ལམ་བཟོའི་གནད་དོན་ཐག་གཅོད་ཐུབ་མེད།

    གྲོས་བསྡུར་གང་ལེགས་བྱས་པ་བརྒྱུད་དར་ལྡིང་ཤང་ཏང་ཨུད་ཀྱིས“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། སྲིད་གཞུང་གི་ཁྲིད་སྟོན། མང་ཚོགས་ཀྱི་རང་གྲབས”བཅས་ཟུང་དུ་འབྲེལ་ནས་དཀའ་ངལ་ལ་མི་སྐྲག་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ་མང་ཚོགས་ཕྱིར་སྐྱོད་ཀྱི“མཐའ་མའི་འགག་གནད”སེལ་གང་ཐུབ་བྱས།

    དེའི་ཐད་དར་ལྡིང་ཤང་སྲིད་གཞུང་གིས་འཕྲུལ་ཆས་ཀྱི་གྲོན་དངུལ་སྒོར་ཁྲི་3.6མཐུན་སྦྱོར་ངང་ཐག་གཅོད་བྱས་ནས་ས་བླུག་འཕྲུལ་འཁོར་དང་། སྔོག་འདོན་འཕྲུལ་འཁོར། ཐོ་ཕྲུག་སོགས་སྤྱད་ནས་ལམ་སྐྲུན་ལས་འགོ་ཚུགས།

    ཁ་རུ་གྲོང་ཚོར“འཛོམས་བརྡ་གཏོང་བའི་སྒྲ”གྲགས་པ་དང་སྦྲགས། ཏང་ཡོན་དང་མང་ཚོགས་ངལ་རྩོལ་ནང་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་པས་ཚང་མས་ཧུར་ཐག་ཞུགས་ཡོད།

    མི་མང་ན་ལས་ཕྱོད་ཆེ་ཞེས་པ་ལྟར་ཉིན་12ནང་རིང་ཚད་སྤྱི་ལེ་7ལྷག་ཙམ་ཡོད་པའི་འབྲོག་ཁུལ་གྱི་འགྲོ་ལམ་ཡོངས་སུ་བསྐྲུན་ཟིན་པ་རེད།

    “འགྲོ་ལམ་བཟོ་བ་ཐོས་སྐབས་ཚང་མས་རྒྱབ་སྐྱོར་ཆེན་པོ་བྱས་ཤིང་། སྔ་རྗེས་སུ་མང་ཚོགས་100ལྷག་ཙམ་གྱིས་རང་མོས་ངང་ངལ་རྩོལ་ནང་ཞུགས་ཡོད”ཁ་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་ལགས་ཀྱིས“ཀྱག་ཀྱོག་གི་འགྲོ་ལམ་དེ་ཁོད་སྙོམས་ནས་རླངས་འཁོར་ཤར་གཏོང་ཐུབ་པ་མཐོང་སྐབས་ད་ཆ་ཏང་ཡོན་སྒྲིག་འཛུགས་ཀྱིས་དངོས་ཟོག་དབོར་མི་དགོས་པ་མ་ཟད་འགྲོ་ལམ་གྱི་བདེ་འཇགས་ཡང་ཡག་ཏུ་ཕྱིན་པས་ཚང་མའི་སེམས་པའང་ལྷོད་ལ་བབས་ཡོད”ཅེས་བཤད།

    དར་ལྡིང་ཤང་དུ་ཁ་རུ་གྲོང་ཚོའི་འབྲོག་ཁུལ་གྱི་འགྲོ་ལམ་བཟོ་བ་ནི་དཔེ་མཚོན་ཙམ་མིན། ཉེ་བའི་ལོ་ཤས་རིང་། དར་ལྡིང་ཤང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་ནུས་སྤྲོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་ཕུ་གྲོང་ཚོའི་རྨ་ཆེན་འབྲོག་ཁུལ་དང་ཕུ་གྲོང་ཚོའི་རྨ་ཆུང་འབྲོག་ཁུལ་གྱི་འགྲོ་ལམ་ཉམས་བཟོའི་ལས་དོན་ལེགས་སྒྲུབ་ཟིན་ནས་ད་ཆ་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་ཡོངས་སུ་འགྲོ་ལམ་ཤར་གཏོང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།