དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “སྙིང་ཉེ་བ”ཡག་པོ་ཞིག་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་བསལ་བ།

    དིང་རི་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ“གསུམ་བརྒལ་གསུམ་དབྱེའི”ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    ཕྱིར་གླ་པ་རྒྱུག་མཁན་ལོ་རེ་བཞིན་མང་དུ་ཕྱིན་པ་དང་སྦྲགས། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཁུལ་ལས་བརྒལ་བ་དང་། སྡེ་ཚན་ལས་བརྒལ་བ། ལས་རིགས་ལས་བརྒལ་བ་བཅས་དང་། མི་དོན་ལོགས་དབྱེ་དང་། མི་ཁྱིམ་ལོགས་དབྱེ། མི་དོན་ཁྱིམ་གསུམ་ལོགས་དབྱེ་སོགས་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད། འདི་ལོ་ཚུན་དུ། དིང་རི་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། “གསུམ་བརྒལ་གསུམ་དབྱེའི”ཡིག་འབུལ་ཞུ་བཅར་གྱི་དཀའ་གནད་ལ་གཙོ་གནད་ཐོག་དམིགས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་འགལ་རྩོད་གྲལ་བཤེར་ཐེངས་30ལྷག་ཙམ་བྱས་ནས་འགལ་བ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་ཁག་13དང་མི་ཐེངས་318འདུམ་འགྲིག་ཐག་གཅོད་བྱས་པ་དང་འདུམ་འགྲིག་ཐུབ་ཚད་100%ཟིན་ཏེ་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་351.45མི་ཕོག་པ་བྱས་ཡོད།

    འབྱུང་རྩ་ནས་བཅོས་སྐྱོང་ནི་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་རེད། “སེམས་གཅོང་སེལ་རྒྱུ”ལྟེ་བར་བྱས་ཏེ། བརྩེ་སེམས་ལྡན་པ་དང་། གནས་ལུགས་བརྗོད་པ། བཅའ་ཁྲིམས་ལ་བརྟེན་པ་བཅས་གསུམ་མཉམ་དུ་སྤྱད་ནས་གནད་དོན་ཐག་གཅོད་བྱས་ཤིང་། རྫོང་ཨུད་དང་རྫོང་སྲིད་གཞུང་ལ་དགོངས་སྐོར་སྙན་སེང་ཞུ་བར་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དང་། འགན་གཙང་ལེན་མཁན། ངལ་ནུས་འདོན་མཁན། སྣེ་ཁྲིད་ཚོགས་ཆུང་བཅས་དང་ངོ་འཕྲད་གྲོས་མོལ་བྱས་ཏེ། འབྲེལ་ཡོད་ཕྱོགས་ཁག་གི་བསམ་འཆར་ཐེངས་མང་ཉན་པ་དང་། གནས་ཚུལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། འབྲེལ་ཡོད་སྲིད་ཇུས་ཁོང་དུ་ཆུད་པ། བསམ་འཆར་མི་མཐུན་པ་ཤེས་རྟོགས། གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ། མཐུན་སྦྱོར་གྱི་ཇུས་གཞིར་ཞིབ་འཇུག་བཅས་བྱས་ཏེ་འབྲེལ་གཏུག་དང་གྲོས་མོལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་ནས་མཐུན་སྦྱོར་གྱི་བསམ་འཆར་ཆགས་པར་བྱས་ཏེ། གནད་དོན་ཐག་གཅོད་ཀྱི་ཐབས་ལམ་རྙེད་པ་དང་དཀའ་གནད་ཆུང་དུ་བཏང་སྟེ་མི་སེམས་དྲོ་བའི་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་དང་གཞོགས་འདེགས་ཐོབ་པར་བྱས་ཡོད།

    “དོན་དག་ཐག་གཅོད”བྱ་རྒྱུ་དེ་དམིགས་ཚད་དུ་བཟུང་ནས་སྲིད་འཛིན་དང་། བཅའ་ཁྲིམས། སྲིད་ཇུས། འདུམ་འགྲིག་སོགས་ཀྱི་བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱད་དེ། དོན་དག་ཐོན་ཡུལ་དང་ཁོངས་གཏོགས་ས་ཆའི་དབར་མཐུན་སྦྱོར་ཧུར་ཐག་བྱས་ནས་ཐུན་མོང་ཐོག་ཁྲིམས་འགྲེལ་ལུགས་དཔྱད་དང་། གྲོས་མོལ་ཡང་ཡང་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བཅས་བྱས་ཏེ། འགལ་རྐྱེན་བསལ་ནས་མང་ཚོགས་ཀྱི་རེ་འདུན“རྒྱུག་རོགས་བྱེད་མཁན་ཡོད་པ་དང་སྒྲུབ་རོགས་བྱེད་མཁན་ཡོད་པ”མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།