དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཡར་ཀླུང་ཚོང་འདུས་སྐབས་44པར་ཚོང་འགྲིག་ཚད་སྒོར་དུང་ཕྱུར་7ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    ཉིན་ཤས་གོང་། ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་དམིགས་བསལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་44པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་12ཚེས་7ཉིན་གྱི་ཆུ་ཚོད་18བར་སྐབས་འདིའི་ཚོང་འདུས་ལ་ཞུགས་མཁན་ཚོང་དུད་1419དང་། ཁྲོམ་རར་བཏོན་པའི་ཚོང་ཟོག་སྣ་ཁ་638 ཁྲོམ་རར་བཏོན་པའི་ཚོང་ཟོག་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་28015བཅས་ཟིན་ཡོད། རིམ་རྩིས་བརྒྱབ་ན། དྲ་ཕྱི་ནས་ཚོང་འགྲིག་ཚད་སྒོར་ཁྲི་67646.399ཟིན་པ་དང་། དྲ་ཐོག་ནས་བྲིན་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི་2506(དྲ་ཐོག་ཚོང་གྲོང་གི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་554ཚུད་པ)ཟིན་ནས་ཁྱོན་སྒོར་ཁྲི་70152.399ཟིན་པ་དེ་ན་ནིང་ལས་7.2%འཕར་ནས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་ར་འཁྲུག་ཏུ་གཏོང་བ། འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཡར་ཀླུང་ཚོང་འདུས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད།

    དེ་དང་དུས་མཚུངས། སྐབས་འདིའི་ཚོང་འདུས་ཐོག་དྲ་ཐོག་ལས་སྟེགས་བརྒྱུད་ཐད་གཏོང་ཟོག་ཚོང་བྱས་པ་དེས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། ད་དུང་ཕྱིར་ཚོང་ཡོང་འབབ་ཀྱང་མངོན་གསལ་དོད་པོས་འཕར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་12ཚེས་7ཉིན་གྱི་ཆུ་ཚོད་18བར་སྐབས་འདིའི་ཚོང་འདུས་ཐོག་དྲ་ཐོག་གི་མངགས་ཐོ་25253ལ་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་2506ཟིན་ནས། “བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང”ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ་བོད་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་འདོན་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།