དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱིས་ལྗང་མདོག་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    ཉིན་ཤས་གོང་། གསར་འགོད་པས་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོ་ནས་བཟུང་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས《དངུལ་རྩས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གྱི་བླང་བྱ་ཁག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ནུས་སྤྲོད་ལྗང་མདོག་དངུལ་རྩའི་ལས་དོན་སྤེལ་ནས་བོད་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དགུ་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1522.78ཟིན་པ་དེ་དུས་མཚུངས་ལས་39.65%འཕར་བའི་ནང་བཟོ་སྐྲུན་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་སྒོར་དུང་ཕྱུར་8.05ཟིན་པ་དེ་དུས་མཚུངས་ལས་19.89%འཕར་བ་དང་། གློག་ཤུགས་དང་། ཚ་ཤུགས། སོལ་རླངས་བཅས་དང་དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་སྒོར་དུང་ཕྱུར་971.56ཟིན་པ་དེ་དུས་མཚུངས་ལས་32.11%འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།