དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་དམངས་ཁྲོད་ཀྱི་ཁོར་ཡུག་གནོད་སྐྱོན་གྱི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཐོག་མ་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་7ཉིན། ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཆིང་ལིན་ཁྲིམས་འཛིན་གསལ་འབྱེད་སུའོ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནོད་སྐྱོན་གྱི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཆིང་ལིན་ཁྲིམས་འཛིན་གསལ་འབྱེད་སུའོ་ནི་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཆོག་མཆན་སྤྲད་དེ་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནོད་སྐྱོན་གྱི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་གསུམ་པ་དེ་རེད་ལ། ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་ཀྱི་ཁོར་ཡུག་གནོད་སྐྱོན་གྱི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཐོག་མ་དེའང་རེད། དེར་ཁྲིམས་འཛིན་གསལ་འབྱེད་པ་14ཡོད་པ་ཚང་མ་ནི་དུས་ཡུན་རིང་པོར་འབྲེལ་ཡོད་ཞིབ་འཇུག་དང་ལས་དོན་ནང་ཞུགས་མྱོང་བའི་ཆེད་ལས་པ་ཤ་སྟག་ཡིན་ཞིང་། དེ་དག་ཞིང་ལས་རིག་པ་དང་། ནགས་ལས་རིག་པ། སྐྱེ་ཁམས་རིག་པ། རྩྭ་ཐང་རིག་པ། རྩྭ་འདེབས་ཚན་རིག དཔལ་འབྱོར་ནགས་ཚལ། ཞིང་ལས་དང་ནགས་ཚལ་གྱི་དཔལ་འབྱོར་དོ་དམ། ས་རྒྱུའི་སྐྱེ་དངོས་འཚོ་བཅུད་བཅས་ཆེད་ལས་ཁག་བརྒྱད་དང་འབྲེལ་བ་ཡོད། ཚང་མར་འབྲེལ་ཡོད་ལས་དོན་ནང་ཞུགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་གསལ་འབྱེད་ལས་དོན་ལྷུ་ཚིགས་ཁག་གི་ཆེད་ལས་དང་རྩལ་ནུས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    “ཁོར་ཡུག་གནོད་སྐྱོན་གྱི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་འདོན་རིང་ལྷུ་ཚིགས་གལ་ཆེན་མེད་དུ་མི་རུང་བ་ཞིག་ཡིན་ལ། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཉམས་ཞན་ལྷུ་ཚིགས་ཤིག་ཀྱང་ཡིན། ཟླ་10ཚེས་28ཉིན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཡིག་ཐོག་ནས་མཚོ་སྔོན་ཆིང་ལིན་ཁྲིམས་འཛིན་གསལ་འབྱེད་སུའོ་འཛུགས་ཆོག་པའི་མཆན་འགོད་བཀའ་ལན་སྤྲད་ཅིང་། ཉིན་དེར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེས་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནོད་སྐྱོན་གྱི་ཁྲིམས་འཛིན་གསལ་འབྱེད་ཁྱབ་ཁོངས་ལ་གསོན་ཤུགས་སླར་ཡང་བསྣན་ཡོད”ཅེས་ཟི་ལིང་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།