དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མདུན་ཕྱོཌ་སུ་བཅའ་སྡོད་འགོག་སྲུང་བྱས་ནས་མེ་ཟོན་བདེ་འཇཌ་ཀྱི་འཛིང་རཌ་བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-11

    ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་བསལ་ནས་ད་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་ཆེད། མེ་ཟོན་གྱི་དུས་མཚམས་སུ་སླེབས་ཚུན། བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“སྔོན་འགོག་གཙོ་བོར་བྱེད་པ་དང་། འགོག་གསོད་ཟུང་འབྲེལ”གྱི་བྱེད་ཕྱོཌ་མཐའ་འཁྱོངས་བྱས་ནས། སྔ་རྗེས་སུ་བཀོད་འཐབ་པ་130ལྷག་ཙམ་ལ་མེ་ཟོན་དང་མེ་གསོད་ཀྱི་སྒྲིག་ཆས་སྣ་ཚོགས་བསྐུར་ཏེ་དཔལ་འབར་དང་། སྨར་ཁམས། མེ་ཏོག གྲོ་མོ། སྐྱིད་གྲོང་སོགས་ཀྱི་ནགས་ཚལ་ཡོད་པའི་རྫོང་གཙོ་བོ་11ལ་བཅའ་སྡོད་འགོག་སྲུང་བྱེད་པར་བཏང་བ་རེད།

    ད་ཐེངས་ཀྱི་བཅའ་སྡོད་འགོག་སྲུང་ས་ཁོངས་ཚང་མ་ནི་ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཁུལ་དང་མེ་སྐྱོན་གྱི་ཉེན་ཁ་ཚབས་ཆེན་ཡོད་པའི་ས་ཁོངས་ཡིན་ཞིང་། མིག་སྔར། བཅའ་སྡོད་འགོག་སྲུང་ཡན་ལག་རུ་ཁག་11ཚང་མ་རང་རང་སོ་སོའི་བཅའ་སྡོད་བྱ་ཡུལ་དུ་འབྱོར་ནས་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། བཅའ་སྡོད་འགོག་སྲུང་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམིགས་ས་ཡོད་པའི་མེ་གསོད་ཆེད་ལས་སྦྱོང་བརྡར་བྱས་པ་དང་འབྲེལ་བཀོད་འཐབ་པས་ས་བཀྲ་དང་མི་མེད་གནམ་གྲུ་སོགས་ཀྱི་རྩད་ཞིབ་སྒྲིག་ཆས་ཁྱེར་ནས་ས་ཡུལ་དངོས་ལ་ལྟ་ཞིབ་དང་། འདྲི་རྩད་ཤེས་རྟོགས། ཞིབ་འཇུག་དབྱེ་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཙོ་གནད་ནགས་ཁུལ་དུ་སྐོར་སྲུང་བྱས་ཤིང་། ནགས་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། གཙང་པོ་དང་ཆུ་བོ་དང་། འགྲོ་ལམ། སྔོ་ཁེབས། ས་དབྱིབས་སོགས་ཀྱི་ཆ་འཕྲིན་བསྡུ་རུབ། ནགས་ཚལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་གྲངས་གཞིའི་དཔྱད་གཞི་གསར་ཤོས་དུས་ཐོག་ཏུ་ཁོང་དུ་ཆུད་པ། སྤྱོད་ཆོག་པའི་ཆུ་འགོ་དང་འགྲིམ་འགྲུལ་འགྲོ་ལམ་ལ་རྟཌ་རྒྱག་པ་བཅས་བྱས་པས་གནད་འཕིཌ་ཀྱི་མེ་ཟོན་ས་བཀྲ་ཞིག་ཆཌ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་བཅའ་སྡོད་འགོག་སྲུང་ཡན་ལག་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་འཕྲལ་སྡོམ་དང་། ནགས་ཚལ་དང་རྩྭ་ཐང་། གནམ་གཤིས་སོགས་ཀྱི་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་སྦྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་དང་། ནགས་སྲུང་བ་གསོ་སྐྱོང་། མཉམ་འབྲེལ་ནང་སྦྱོང་སོགས་ཀྱི་ལས་དོན་མཉམ་དུ་སྤེལ་བ། འཕྲལ་སྡོམ་ཇུས་གཞི་དང་སྔོན་ཇུས་རྒྱུན་ཆད་མེད་པར་ཞིབ་ཕྲ་དང་འཐུས་སྒོ་ཚང་དུ་བཏང་ནས། ནཌ་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ལས་དོན་གྱི་རང་འགུལ་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།