དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-11

    འདི་ནི་ཅང་སུའུ་སུའུ་ཆན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཤིག་གིས་རིག་ནུས་འཁྱགས་སྒམ་ཐོན་སྐྱེད་བྱས་ནས་རྒྱ་ཆེའི་འཛད་སྤྱོད་པའི་ཁྱིམ་ཆས་རྙིང་པ་གསར་བརྗེས་ཀྱི་དགོས་མཁོ་སྐོང་བཞིན་པ། ཁྲེན་ཧྲའོ་ཧྲོའེ་ཡིས་པར་བརྒྱབ། (བརྙན་པར་ཀྲུང་གོ)

    ཚོང་དོན་པུའི་རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ཀྱི་གྲངས་གཞིའི་ལས་སྟེགས་ལས་མངོན་པར། ཟླ་12ཚེས་6ཉིན་གྱི་ཆུ་ཚོད་24བར་འཛད་སྤྱོད་པ་ཁྲི་2963.8ཀྱིས་ཁྱིམ་སྤྱོད་གློག་ཆས་རིགས་ཆེན་པོ་བརྒྱད་ཀྱི་ཐོན་རྫས་ཁྲི་4585ཉོས་ཏེ་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2019.7སྐུལ་ཁྲིད་བྱས་པའི་ནང་རིམ་པ་དང་པོའི་ནུས་ཆེའི་ཐོན་རྫས་ཕྱིར་ཚོང་བྱེད་ཚད་90%ལྷག་ཙམ་ཟིན་ཡོད་པ་རེད།

    ཉེ་དུས་ས་གནས་ཁག་གིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ཀྱི་ལས་དོན་གཏིང་ཟབ་སྤེལ་བས་སྲིད་ཇུས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། དུས་ཡུན་ཉིན་79ཡི་ནང་རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1000ལས་བརྒལ་བ་དང་། སྒོར་དུང་ཕྱུར་1000ནས་སྒོར་དུང་ཕྱུར་2000བར་ཉིན་40ལས་འགོར་མེད་པས། གསར་བརྗེས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མགྱོགས་མྱུར་འདོན་སྤེལ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།