དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་རྒྱལ་སྤྱིའི་སློབ་གསོར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”གི་ཤེས་ལྡན་པ་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-10

    འདི་ནི་ཕ་ཁི་སི་ཐན་གྱི་ཕང་ཀྲེ་ཕུའུ་ཞིང་ཆེན་ཧྥེ་སར་པ་ཏེ་གྲོང་ཁྱེར་ནས་ཡིན་པའི་ཤིན་ཅང་ཞིང་ལས་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ཕྱི་སྦྱོང་སློབ་མ་HAQ AHSAN UL(རྒྱ་མིང་ལ་དབྱི་ཧྥན)(གཡོན་གྱི་དང་པོ)ཡིས་སློབ་གསེང་དུ་ཀྲུང་གོའི་སློབ་གྲོགས་པའོ་ཡུས་ལ་རང་ཉིད་ཀྲུང་ཧྭའི་རིག་གནས་ལ་དགའ་པོ་ཡོད་ལུགས་དང་སློབ་གྲྭ་ཐོན་ནས་རྒྱལ་ནང་དུ་ལོག་རྗེས་རྒྱ་ཡིག་དགེ་རྒན་ཞིག་བྱེད་འདོད་ཡོད་ཅེས་བཤད།

    འདི་ནི་ཤིན་ཅང་ཞིང་ལས་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ན་མན་ཀན་གྲོང་ཁྱེར་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་Soyibjonov Ulugbek(རྒྱ་མིང་ལ་ཝུའུ་ཞའོ་ཧུའུ)ཡིས་དགེ་རྒན་གྱི་དྲི་བར་ལན་རྒྱག་བཞིན་པ།

    ཤིན་ཅང་ཞིང་ལས་སློབ་ཆེན་རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་བཙུགས་ཚུན། རང་རྒྱལ་གྱིས་ནུབ་ཕྱོགས་ལ་སྒོ་མོ་འབྱེད་པ་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་བསྐྲུན་རྒྱུར་དམིགས་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་ཁུལ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་སློབ་གསོའི་སྤུས་རྟགས་ཧུར་ཐག་བཏོད་དེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཁོ་བའི་ཤེས་ལྡན་པ་འགན་ལེན་བྱས་ཡོད། འདི་ལོར་ཀྲུང་གོར་ཡོང་བའི་རྒྱལ་ཁབ་7གྱི་ཕྱི་སྦྱོང་སློབ་མ་146གིས་སློབ་གྲྭར་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།