དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱིས“སྣ་འདུས་ཐབས་བཟང”ལ་བརྟེན་ནས་ས་མཐོའི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ནི་ལྷོ་ནུབ་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་ཤིང་། ཉེ་བའི་ལོ་ཤས་རིང་། རྒྱལ་ལམ་219ལམ་ཐིག་ཤར་གཏོང་ཐུབ་ཚུན་ས་གནས་དེའི་ཡུལ་སྐོར་ལས་རིགས་ཉིན་རེ་བཞིན་དར་རྒྱས་ཕྱིན་པ་དང་ཤང་ནས་གྲོང་ཚོའི་བར་གྱི་དམངས་སྲོལ་གནས་ཚང་དང་ཡུལ་ཟོག་ཚོང་ཁང་ཕུད། ཚོང་ཡག་ཤོས་ནི་ཁྱད་ལྡན་ཟ་ཁང་རེད།

    “ང་རྩ་རིར་ཚོང་བརྒྱབ་ནས་ལོ་10འགྲོ་གི་འདུག ཟ་ཁང་ཡང་རྒྱ་ཆེ་རུ་ཐེངས་ཁ་ཤས་བཏང་བ་ཡིན། མ་གཞི་མཐའ་མཚམས་དང་ཐག་རིང་ལུང་ཁུག་ཡིན་ཡང་། སྔོ་ཚལ་སོས་པ་འབེལ་བ་དང་རིན་གོང་འཚམ་པོ་ཡོད་པས་ཟ་ཁང་གི་ཚོང་ཧ་ཅང་ཡག་པོ་འདུག”ཅེས་རྩ་རི་ཤང་དུ་ཡོད་པའི་ཁྲུང་ཆིང་གསོལ་མགྲོན་ཁང་གི་སྦྱིན་བདག་ཏུའུ་ལགས་ཀྱིས་བཤད།

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་566གིས“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་སིལ་ཚོང་དྲ་ཚིགས་1153འཕེལ་རྒྱས་བཏང་བ་དང་སྲིད་འཛིན་སྡེ་ཁུལ་རེར་ཆ་སྙོམས་ཚོང་ཁང་2རེ་བཙུགས་ཤིང་། རྩ་རི་ཤང་ཚུད་པའི་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་ཚང་མར“ཤ་ཚལ་སྒོང་གསུམ”གྱི་ཚོང་ཁང་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་འདོམས་ལ་ཤུགས་སྣོན་དང་། ཐོན་སྐྱེད་གོང་འཕེལ། ཐོན་ཚོང་སྦྲེལ་མཐུད། མཁོ་སྤྲོད་འགན་ལེན་དོན་འཁྱོལ་བཅས་བྱས་ནས་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ།

    “ཤ་ཚལ་སྒོང་གསུམ”ཕུན་སུམ་ཇེ་ཚོགས་སུ་བཏང་བར་བརྟེན་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་སྔོ་ཚལ་འདེབས་འཛུགས་དང་ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་ཁྱེར་ཡོངས་སུ་ལོ་ལྟར་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་4རྒྱུན་འཁྱོངས་ཐུབ་པ་དང་། སྔོ་ཚལ་དྲོད་ཁང་ཆེ་མོ་3744ཡོད་པ་དེས་ས་ཁྱོན་མུའུ་6429.481བཟུང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་རྟེན་གཞི་གཏོད་པར་སྣང་ཆེན་བྱས་ཏེ་གཞི་ཁྱོན་ཅན་གྱི“ཤ་ཚལ་སྒོང་གསུམ”གྱི་རྣམ་པ་ཞིག་ཆགས་པར་བྱས་ཤིང་། སྣེ་གདོང་གི་གསེར་ཁང་དང་གོང་དཀར་རྫོང་གི་ཐེན་ཧུའེ་སྐྱེ་ཁམས་འཁོར་རྒྱུག་ཞིང་ལས་ཚན་རྩལ་ཐོན་ལས་གླིང་སོགས་གཞི་ཁྱོན་ལྡན་པའི་སྔོ་ཚལ་གཅིག་སྡུད་ཐོན་སྐྱེད་ཁུལ་མང་པོ་ཞིག་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དང་ཆབས་ཅིག རྒྱུན་གཏན་གྱི་སྣ་ཁ་དང་དུས་མིན་སྔོ་ཚལ་གྱི་སྣ་ཁ་གསབ་རེས་བྱེད་ཐབས་སྤྱད་དེ“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་སྔོ་ཚལ་སྣ་ཁ་གསར་བརྗེས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བ་མ་ཟད། སྔོ་ཚལ་མཁོ་སྤྲོད་ཀྱི་སྣ་ཁ་ཡང་དེ་སྔའི་ལ་ཕུག་དང་པད་ཚལ་ནས་ད་ཆ་སྣ་ཁ་30ལྷག་ཙམ་བར་མང་དུ་ཕྱིན་པར་བརྟེན་མང་ཚོགས་ཀྱི་གསོལ་ལྕོག་སྟེང་གི་ཚལ་རིགས་སྣ་ཁ་ཕུན་སུམ་ཚོགས་སུ་ཆེས་ཆེར་ཕྱིན་ཡོད།

    ལྷོ་ཁ་གྲོང་ཁྱེར་ཧྲེན་ལི་དུས་རབས་ཐང་ཆེན་དུ་གནས་པའི་སྒོ་རྩིས་ཚོང་ཁང་ཆེ་གྲས་ནང་སྔོ་ཚལ་དང་། ཤིང་འབྲས། སྲན་ཟས། ཤིང་ཏོག་སྐམ་པོ་སོགས་འབེལ་ལ་སྣ་ཁ་འཛོམས་པ་དང་རིན་གོང་ཁེ་པོ་ཡོད་པས་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་སྣེ་གདོང་ཆུས་དང་གྲ་ནང་རྫོང་གི་འགྲིམ་འགྲུལ་མ་ལམ་གྱི་ས་ཁོངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། ཀྲུང་དབྱང་གི་སྔོན་རྩིས་ཀྱི་མ་འཇོག་རྣམ་གྲངས་2ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་2500བཏང་སྟེ་སྣེ་གདོང་ཆུས་སུ་མུའུ་40ཡི་ཟོག་འབྲེལ་དྲ་རྒྱའི་རྩི་ཤིང་བཟོ་གྲྭ་འཛུགས་སྐྲུན་རྣམ་གྲངས་དང་གྲ་ནང་རྫོང་རྔ་སྒྲ་ཤང་གི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཀྱི་དྲོད་ཁང་བསྐྲུན་ནས་ས་གནས་དེ་གའི་ཐོན་རྫས་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཚོང་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཞི་མཐུན་གྱི་ཚོང་གཉེར་ཁོར་ཡུག་བཏོད་དེ་སྔོ་ཚལ་དང་ཤ་རིགས་སིལ་ཚོང་བྱ་ཡུལ་1158འཕེལ་རྒྱས་བཏང་ཡོད། དེའི་ནང་སྤྱི་ཕན་རང་བཞིན་གྱི“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་སིལ་ཚོང་བྱ་ཡུལ་282ཡོད་པ་དེས་བསྡུར་ཚད་ཀྱི་24.6%བཟུང་ཡོད། ཁྲོམ་རའི་དངོས་ཚན་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་ནས་མ་དངུལ་སྒོར་ཁྲི་6551བཏང་བའི་ལྷོ་ཁ་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་སྡེབ་ཚོང་ཁྲོམ་ར་སྟེ་སྣེ་གདོང་ནུབ་ཁུལ་གྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། ལྷོ་ཁའི་ལུའེ་ཡོན་དང་། གོང་དཀར་ཧྥང་ཡུས། བོད་ལྗོངས་ལུའེ་ཀྲེ་ཡོན། ལྷོ་ཁའི་ཡར་ཀླུང་མ་འཇོག་སོགས་ཁེ་ལས་6གིས་གྲང་ཕྲེང་མཛོད་ཁང་བཅས་བསྐྲུན་པར་དངོས་ཟོག་ཏུན་8803.5གཤོང་ཐུབ་པས་མང་ཚོགས་ཀྱི་བཟའ་བཅའི་ཐད་འགན་ལེན་ཏན་ཏིག་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།