དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་ཞིང་འབྲེལ་མིན་པའི་མི་སྒེར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་50ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ཉེ་ཆར། གསར་འགོད་པར་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། དུས་ཡུན་རིང་པོའི་ནང་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དྲ་ཚིགས་ཀྱི་ལེགས་ཆར་བརྟེན་ནས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་དང་། ལས་སྒོའི་དཔེ་དབྱིབས་གསར་གཏོད། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངུལ་རྩའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་པ་རེད། དུས་ཚིགས་གསུམ་པའི་དུས་མཇུག་བར་ནག་ཆུ་ཡན་ལག་དངུལ་ཁང་གི་ཞིང་འབྲེལ་མིན་པའི་མི་སྒེར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་50.49ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་9.3འཕར་བ་དང་། ཞིང་འབྲེལ་མིན་པའི་མི་སྒེར་གྱི་དངུལ་བུན་བསྡོམས་འབོར་དང་འཕར་བའི་གྲངས་འབོར་ཚང་མ་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།