དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བཞད་མཐོང་སྨོན་རྫོང་གིས་འབྲོག་ཁུལ་གྱི་མཚེར་སར་བདེ་འཇགས་སྟབས་བདེའི་ཁང་པ་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    འདི་ལོར་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་འབྲོག་ཁུལ་མང་ཚོགས་ལ་དྲེད་མོང་དང་སྤྱང་ཀིའི་གནོད་འཚེ་ཕོག་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གོང་རིམ་ནས་མ་དངུལ་སྒོར་ཁྲི་900ལྷག་ཙམ་བརྩོན་ལེན་བྱས་ནས་འབྲོག་ཁུལ་གྱི་མཚེར་སར་བདེ་འཇགས་སྟབས་བདེའི་ཁང་པ་288བརྒྱབ་སྟེ་མང་ཚོགས་ཚོས་བདེ་འཇགས་ངང་ཕྱུགས་འཚོ་ཐུབ་པར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚེར་སའི་བདེ་འཇགས་སྟབས་བདེའི་ཁང་པ་ནི་ཕྱུགས་འཚོའི་མང་ཚོགས་ཀྱི་སྡོད་ཁང་སྟབས་བདེ་ཡིན་ཞིང་། དྲོད་སྲུང་དམ་སྦྱར་གྱི་ནུས་པ་ཆེ་ལ་ནང་ཁུལ་དུ་དྲོད་ལེན་སྒྲིག་ཆས་ཡོད་པ་དང་། གཙོ་བོ་ཕྱུགས་རྫིའི་ངལ་གསོ་རྒྱག་ས་དང་དེ་བཞིན་གཅན་གཟན་གྱི་གནོད་འཚེ་སྔོན་འགོག་སོགས་ཐད་སྤྱོད་ཆེད་རེད། མིག་སྔར་བདེ་འཇགས་སྟབས་བདེའི་ཁང་པ་288དག་བྱེ་ཆུང་ཤང་དང་མྱང་ར་ཤང་གི་ཚོགས་ཆུང་ཁག་ལ་བརྒྱབ་ཟིན་པ་དང་གོམ་སྟབས་རྗེས་མར་རྫོང་ཁོངས་ཀྱི་འབྲོག་ཁུལ་ཚང་མར་ཁྱབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།