དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-09

    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་2024ལོར་ངེས་པར་དུ“བྱང་གསུམ”ལས་གྲྭ་སྐྲུན་འགོ་འཛུགས་དགོས་པའི་བླང་བྱ་ཞིབ་ཕྲ་བཏོན་པ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གཙོ་གནད་ལས་འགན་དང་དུས་ཚོད་ཀྱི་མཚམས་ཚིགས་སྔར་བས་ཁ་གསལ་བཟོས་ཤིང་། མིག་སྔའི་བར་རྒྱལ་བུན་རྣམ་གྲངས་23དང་ཀྲུང་དབྱང་ནོར་སྲིད་ཀྱི་རྣམ་གྲངས་4ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཡོད་པ་རེད།

    མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་བྱེ་ཁུལ་ཆེ་གྲས་བཞི་པ་དང“བྱང་གསུམ”ལས་གྲྭའི་གཙོ་གནད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཤིག་རེད། ལོ་མང་རིང་ཞིང་ཆེན་ཡོངས་ཀྱི་ལས་གྲྭའི་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྔ་རྗེས་སུ་དུས་རིམ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱུང་བ་དང་། དུས་ཐེངས་དྲུག་པའི་ལས་གྲྭར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད།

    མཚོ་སྔོན་གྱི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཛུགས་སྐྲུན་ཁུལ་དེ་ཟི་ལིང་དང་། མཚོ་ཤར། མཚོ་བྱང་། མཚོ་ལྷོ། མཚོ་ནུབ། རྨ་ལྷོ་བཅས་གྲོང་ཁྱེར(ཀྲོའུ)6གི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)31དང་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་35.62ཟིན་གྱི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཞིང་ཆེན་ཡོངས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་བྱེ་འགྱུར་བཀག་སྡོམ་སྲུང་སྐྱོང་ཁུལ་བསྐྲུན་པ་བརྒྱུད། གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་དང་ས་ཆུ་སྲུང་འཛིན་དང་རྒྱུག་ཁུལ་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར་བྱས་ནས། བྱེ་འགྱུར་ས་ཆ་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་བྱེ་རླུང་ལྡང་སར་ལྗང་མདོག་སྲུང་ཡོལ་བསྐྲུན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་རྒྱལ་བུན་མ་དངུལ་དང་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི“བྱང་གསུམ”སོགས་གཙོ་གནད་ལས་གྲྭའི་རྣམ་གྲངས་27ལག་ལེན་བསྟར་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་22.26བཏང་ཡོད། རྒྱལ་བུན་རྣམ་གྲངས་ཟླ་10པའི་ཟླ་མཇུག་གོང་ཕྱོགས་ཡོངས་ནས་ལས་འགོ་འཛུགས་དགོས་པ་དང་། ཟླ་12པའི་ཟླ་མཇུག་གོང་མཐོང་ཆོས་སུ་གྱུར་པའི་ལས་གྲྭའི་གྲངས་འབོར་ཆགས་པར་བྱེད་དགོས་པ་དང་འབྲེལ། ལས་གྲྭའི་འཕེལ་རིམ་ལ་གཞིགས་ནས་མ་དངུལ་གང་མགྱོགས་སྤྲོད་དགོས་པ། ཀྲུང་དབྱང་ནོར་སྲིད་ཀྱི་རྣམ་གྲངས་ཟླ་12པའི་ཟླ་མཇུག་གོང་དུས་འགོའི་ལས་དོན་ཚར་བ་བྱེད་དགོས་པ་མ་ཟད་2025ལོར་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པ་བཅས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ས་གནས་ཁག་གི་ནགས་ལས་དང་རྩྭ་ཐང་སྡེ་ཚན་ལ་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། མ་འཇོག་འཆར་གཞི་ལྡོག་སྒྲིག་བྱེད་པ། ལས་ཕྱོད་ཆེ་རུ་གཏོང་བ། ཨར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།