དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ།

    བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་203ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-09

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་11ཉིན་སྤེལ་འགོ་ཚུགས་པའི“བོད་ཀྱི་ལེགས་འདེམས་ཐོན་རྫས་ཁྱིམ་ཚང་ཁྲིར་ཁྱབ་གདལ་གཏོང་བའི”བོད་ཀྱི་དྲ་ཐོག་ཚོང་དོན་གྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོ་མིག་སྔར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། ད་བར་ལྗོངས་ཡོངས་ཀྱི་འགྲན་ཞུགས་སྙན་སྒྲོན་པ་གཙོ་བོས་བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་203ཟིན་པ་དེའི་ནང་ཉིང་ཁྲི་གྲོང་ཁྱེར་གྱི་སྙན་སྒྲོན་པ་གཙོ་བོས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་105ཟིན་པ་དང་མེ་ཏོག་གི་རྡོ་ཁོག་དང་། ཀོ་ཤ། སྡོང་ཕུང་། ནས་སོགས་ལ་རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད་པ་རེད།

    ད་ཐེངས་འགྲན་བསྡུར་ཆེན་པོའི་ཐོག་མའི་འགྲན་བསྡུར་གྱི་དུས་ཡུན་ཁྱོན་བསྡོམས་ཉིན་23ཡིན་ཞིང་། ལྗོངས་ཡོངས་ཀྱི་བདམས་ཐོན་པ་162དང་། ཁྱད་ལྡན་ཐོན་རྫས་ཁེ་ལས་61(སྣ་ཁ་རྐྱང་པ་321ཡོད་པ)ཞུགས་ཡོད་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཕུལ་བྱུང་བདམས་ཐོན་པའི་མདུན་གྲལ་གྱི་ཨང་དང་པོ་ནས་གསུམ་པ་བར་ཟླ་12ཚེས་13ཉིན་ལྷ་སར་མཐའ་བསྡུར་ནང་ཞུགས་རྒྱུའི་འོས་སྦྱོར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།