དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དངུལ་རྩའི་འཕར་ཚད་ཀྱི་སྲིད་ཇུས་སྦབ་ཆ་གཅིག་ཡག་པོ་སྤྱོད་པ་དང་། འདང་ངེས་སྤྱོད་པ། གང་ལེགས་སྤྱོད་པ་བཅས་བྱས་ཏེ།

    རང་ལྗོངས་ཀྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མུ་མཐུད་ལེགས་པའི་ཕྱོགས་སུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-09

    ཟླ་9པའི་ཟླ་མཇུག་ཏུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཏོན་ཏེ་དངུལ་རྩའི་འཕར་ཚད་ཀྱི་སྲིད་ཇུས་སྦབ་ཆ་གཅིག་བཏོན་པ་ནས་བཟུང་། རང་ལྗོངས་ཀྱིས་མ་གནས་གཅོག་པ་དང་། ས་ཁང་ཐོན་ལས་བརྟན་གཏོང་། མ་རྐང་ཁྲོམ་ར་འཕེལ་རྒྱས། ཁེ་ལས་ལ་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཡོད། ཚེས་22ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དངུལ་རྩའི་ཁོངས་གཏོགས་ཀྱིས་འཕར་ཚད་ཀྱི་སྲིད་ཇུས་སྦབ་ཆ་གཅིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མུ་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས། སྲིད་ཇུས་དྲིལ་བསྒྲགས་འཆད་འགྲེལ། སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ངེས་གཏོང་དང་སྣ་མང་ཅན་གྱི་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་སྔར་བས་རྒྱབ་སྐྱོར་ཡག་པོ་བྱ་ཆེད། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་གྱི“མིང་ཐོ་དཀར་པོའི”ལམ་སྲོལ་གཞིར་བཟུང་། “མིང་ཐོ་དཀར་པོའི”རྣམ་གྲངས་16གྲུབ་པ་དང་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་33.2བྱས་པ་དང་རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་17.2བཏང་ཡོད། ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་གི་དངུལ་བུན་ཐད་སྡོད་ཁང་ཐོག་མ་དང་གཉིས་པ་མི་དབྱེ་བར་ཐོག་མར་དངུལ་སྤྲོད་པའི་བསྡུར་ཚད་དམའ་ཤོས་15%ལས་མི་དམའ་བ་བྱས་ཡོད།

    སྡོད་ཁང་ཁེ་ལས་ཀྱི་གསར་སྤེལ་དངུལ་བུན་དང་ཡིད་རྟོན་མངཌ་བཅོལ་དངུལ་བུན་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་པའི་ལུགས་མཐུན་འགྲེམས་ཡུན་སྲིད་ཇུས་ཀྱི་སྤྱོད་འཐུས་དུས་བཅད་2026ལོའི་ཟླ་12ཚེས་31ཉིན་བར་རིང་དུ་བཏང་ནས། ས་ཁང་བདག་ཁོངས་ལས་རིགས་ཀྱི་ལུགས་མཐུན་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་ཡོད།

    ནུས་ཤུགས་ཡོད་རྒུས་ཕྲན་ཚེགས་ཁེ་ལས་ཀྱིས་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས“རིམ་གསུམ་མཐུན་སྦྱོར”གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། “ཁེ་ལས་སྟོང་དང་དུད་ཚང་ཁྲིར་བཅར་འདྲིར་སྐྱོད་པའི”བྱེད་སྒོ་སྤེལ་ནས་མ་དངུལ་གྱི་དགོས་མཁོའི“འོས་སྦྱོར་གསལ་ཐོ”གྲུབ་ཡོད། མུ་མཐུད་དངུལ་བུན་གཡར་མཁན་ཡང་དེ་སྔའི་ཕྲན་ཚེགས་ཁེ་ལས་ཁག་གཅིག་ནས་ཕྲན་ཚེགས་ཁེ་ལས་ཚང་མར་རྒྱ་སྐྱེད་བཏང་ཞིང་། ཆ་རྐྱེན་འཛོམས་པའི་ཕྲན་ཚེགས་ཁེ་ལས་ཀྱིས་མ་རྩ་མ་འཇལ་ནའང་མུ་མཐུད་མ་དངུལ་བསྡུ་སྒྲིལ་བྱེད་ཐུབ། 2027ལོའི་ཟླ་9ཚེས་30ཉིན་གྱི་གོང་དུ་དུས་བཀག་ཐིམ་པའི་ཁེ་ལས་འབྲིང་གྲས་ཀྱི་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་ཚང་མར་ཕྲན་ཚེགས་ཁེ་ལས་ཀྱི་མུ་མཐུད་དངུལ་གཡར་བའི་སྲིད་ཇུས་གཞིར་འཛིན་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།