དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚན་རིག་མཁས་ཅན་གྱིས་ཀྲུང་གོའི་གྲོའི་སྣ་ཁའི་འཕེལ་རིམ་གྱི་ཆོས་ཉིད་གསང་བ་བརྟོལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-08

    གསར་འགོད་པར་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྐྱེ་དངོས་ཚན་རིག་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། སུའོ་དེའི་གྲོའི་རྒྱུད་གཞི་སྔོག་འདོན་དང་བེད་སྤྱོད་གསར་གཏོད་ཚོགས་པས་རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་སློབ་གླིང་དང་སློབ་གྲྭ་དང་མཉམ་དུ་རྒྱུད་གྲུབ་ཀྱི་ཆུ་ཚད་ཐད་དུས་རབས་20པའི་ལོ་རབས་50ཚུན་གྱི་ཀྲུང་གོའི་གྲོའི་སོན་གསོའི་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། རྒྱུད་གྲུབ་ཀྱི་གྲུབ་ཆའི་འགྱུར་ལྡོག་ལས་གྲོའི་འཕྲོས་ནུས་དང་སྣ་ཁ་གལ་ཆེན་ཆགས་རྒྱུར་ཤུགས་རྐྱེན་ཕོག་པ་མངོན་ནས་ཕྱིས་འབྱུང་གྲོའི་སོན་གསོའི་ཟུར་ཚད་གསར་པ་དང་ཐབས་ཇུས་གསར་པ་བཏོན་ཡོད། འབྲེལ་ཡོད་དཔྱད་རྩོམ་ཟླ་11ཚེས་28ཉིན་དྲ་ཐོག་གི《རང་བྱུང》དུས་དེབ་ཐོག་བཀོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།