དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་ས་གནས་མང་པོས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-07

    འདི་ནི་བོད་ལྗོངས་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སློབ་མ་དང་མཉམ་དུ“ངའི་འཚར་ལོངས་ལ་རྩ་ཁྲིམས་གྲོགས་སུ་བསྟེན”ཞེས་པའི་ཡིག་རིས་འབྲི་བཞིན་པ།

    ཟླ་12ཚེས་4ཉིན་ནི་རང་རྒྱལ་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པ་རེད། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བཅས་བྱ་ཆེད། བོད་ལྗོངས་ཀྱི་ས་གནས་མང་པོས་རྩ་ཁྲིམས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད།

    ཚེས་4ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་རྩ་ཁྲིམས་སྒྲོག་འགྲེལ་གྱི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཅུས་དེ་གའི་བཅའ་ཁྲིམས་བློ་འདྲི་བ་སྤེན་པ་ནོར་བུས་བཟོ་འགོད་རྒྱབ་ལྗོངས་དང་། འཆར་ཟིན་འགོད་རིམ། སྤྱིའི་བསམ་ཕྱོགས། སྒྲོམ་གཞིའི་གྲུབ་ཆ། དེ་བཞིན་བཟོ་འགོད་ཀྱི་དགོས་ངེས་རང་བཞིན་ཆེན་པོ་གསུམ་སོགས་ཕྱོགས་མང་པོའི་ཐད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལ་ཁྱོན་ཡོངས་ནས་གསལ་འགྲེལ་བྱས་ཡོད། ལས་བྱེད་པ་རྒན་གྲས་ཚོས་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྣེ་ཁྲིད་ནས་བཅའ་ཁྲིམས་གོང་བཀུར་དང་། སློབ་སྦྱོང་། བརྩི་སྲུང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱས་ཏེ། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    ཚེས་3ཉིན་གྱི་སྔ་དྲོར། གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གྲོ་མོ་རྫོང་ཚོད་ལྟའི་སློབ་ཆུང་དུ་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དེའི་རིང་མི་དམངས་ཉེན་རྟོག་པས་སློབ་ཆུང་སློབ་མའི་བློ་རིག་གི་ཁྱད་ཆོས་ལ་དམིགས་ཏེ་གོ་བདེ་ཤེས་སླ་དང་གསོན་ཉམས་དོད་པའི་བྱེད་ཐབས་ལ་བརྟེན་ནས་སློབ་མ་385ལ་རྩ་ཁྲིམས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། རྩ་ཁྲིམས་དང་རྒྱུན་གཏན་འཚོ་བའི་དབར་གྱི་འབྲེལ་བ་ཟབ་མོ་རྒྱས་བཤད་ཀྱང་བྱས་པ་རེད།

    སྤུ་ཧྲེང་རྫོང་དུ་སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་ཡན་ལག་རུ་ཆུང་བཙུགས་ཏེ་མཐའ་མཚམས་ཀྱི་གྲོང་ཚོ་དང་ཁྲོམ་ར་སོགས་སུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བརྡ་ཁྱབ་སྦྱོར་བ་དང་། དྲིལ་བསྒྲགས་ས་ཚིགས་འཛུགས་པ། དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་རྩ་ཁྲིམས་དང་འཚོ་བའི་རྒྱུན་སྤྱོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཤིང་། སྒྲོག་འགྲེལ་རུ་ཆུང་གིས་ད་དུང“ངས་རྩ་ཁྲིམས་དང་མཉམ་པར་རྒྱག”ཅེས་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་འགྲུལ་པ་དང་མང་ཚོགས་ལ་རྩ་ཁྲིམས་ཀྱི་བདེ་བ་ཚོར་དུ་བཅུག་པ་རེད།

    ཟླ་12ཚེས་4ཉིན། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་ལྟེ་བའི་ཇ་རྟ་ཐང་ཆེན་དུ“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་དྲིལ་བསྒྲགས་སློབ་གསོའི་ས་ཚིགས་འཛུགས་པ་དང་། བཅའ་ཁྲིམས་བློ་འདྲི་མཁོ་འདོན། དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲོད་པ་སོགས་ཀྱི་སྒོ་ནས་གྲོང་མི་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་དེ་བཞིན་ཀྲུང་གོ་གསར་པའི་རྩ་ཁྲིམས་ཀྱི་འཕེལ་རིམ་དྲིལ་བསྒྲཌ་བྱས་ཡོད། བྱེད་སྒོ་སྤེལ་རིང་། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》 དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་འབྲེལ་མང་ཚོགས་ལ་ངལ་རྩོལ་གླ་ཆའི་རྩོད་གཞི་དང་ཁྲིམས་འཛིན་རོགས་སྐྱོབ་ཀྱི་འདུན་ཞུ་སོགས་ཐད་ཀྱི་བཅའ་ཁྲིམས་བློ་འདྲི་མཁོ་འདོན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།