དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གུང་སྐུ་ཚབ་ཚོགས་པས་ཨོ་སི་ཁྲུ་རི་ཡར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཨའེ་ཝུན་གྱིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཨོ་སི་ཁྲུ་རི་ཡར་འཚམས་འདྲི་གནང་བ་དང་ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཟུར་པ་ཧྥེ་ཧྲེར་སོགས་ཏང་དང་། སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་བཅས་ལ་ཕྱོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་འོས་སྦྱོར་གཏིང་ཟབ་བྱས་ཏེ། ཨོ་སི་ཁྲུ་རི་ཡའི་སྲིད་ཏང་འགོ་ཁྲིད་པ་གཙོ་བོ་དང་མཉམ་དུ་ཀྲུང་ཨོ་དང་ཀྲུང་ཡོའི་དབར་གྱི་འབྲེལ་བ་དང་སྲིད་ཏང་སྤེལ་རེས་སོགས་སྐོར་ལ་བསམ་འཆར་བརྗེ་རེས་གནང་བ་རེད། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་དབར་གྱི་སྤེལ་རེས་བརྒྱུད་ཨོ་ཀྲུང་དང་ཡོ་ཀྲུང་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།