དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་དང་གཅིག་སྡུད་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-07

    རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་ནས་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་ལ་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་བྱེད་པའི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་ཆེད། ཟླ་12ཚེས་3ཉིན་2024ལོའི་ལྷ་ས་གྲོང་ཁྱེར་གྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་དང་གཅིག་སྡུད་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་གྲོང་ཁྱེར་ཤར་འདབས་ཀྱི་དབན་ཏ་ཐང་ཆེན་དུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་མི་རྣམས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་འཁྲབ་སྟོན་ལ་བརྟེན་ནས་ཁྲིམས་སྐྱོང་གི་གཏམ་རྒྱུད་ཡག་པོ་བཤད་ཅིང་། གསོན་ཉམས་དོད་པའི་ཁྲིམས་སྐྱོང་ལག་ལེན་དང་དཔེ་མཚོན་གྱོད་དཔེ་དྲངས་ནས་ས་གནས་ས་ཐོག་གི་མང་ཚོགས་ཚོས་རྩ་ཁྲིམས་ཀྱི་དགོངས་དོན་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ཏན་ཏིག་ཚོར་བར་བྱས་ཏེ་ཁྲིམས་སྐྱོང་རིག་གནས་ཀྱི་སྟོན་མོ་ཆེན་པོ་བཤམས་ཡོད། ལྷ་ས་གྲོང་ཁྱེར་གྱི་ཚན་པ་20ཡི་ལས་དོན་པས་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པའི་ནང་དོན་གྱི་གྲས་སུ་དམངས་དོན་ཁྲིམས་གཞུང་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་། ཁྲལ་དོན་སོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚུད་ཡོད། ས་གནས་ས་ཐོག་གི་མང་ཚོགས་ཚོས་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་དང་ཆབས་ཅིག བཅའ་ཁྲིམས་ཀྱི་ཤེས་བྱ་ཐད་ཀར་ཤེས་རྟོགས་དང་སློབ་སྦྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།