དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • 2024ལོའི་ཀྲུང་གོའི་གཞོན་ནུའི་རྐང་རྩེད་སྤོ་ལོའི་བོད་ལྗོངས་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-06

    ཟླ་12ཚེས་2ཉིན། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2024ལོའི་ཀྲུང་གོའི་གཞོན་ནུའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་བོད་ལྗོངས་འགྲན་ཁུལ་གྱི་སྐྱེས་པའི་U13དང་U15ཚོགས་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད། འགྲན་བསྡུར་ལ་རེས་སྐོར་རྐྱང་པའི་འགྲན་བསྡུར་གྱི་བྱ་ཐབས་སྤྱད་ཅིང་། གཞིས་རྩེ་དང་། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་ནས་ཡོང་བའི་རུ་ཁག་11གི་གཞོན་ནུ་ལུས་རྩལ་པ་170ཙམ་གྱིས་འགྲན་བསྡུར་ཐེངས་མང་བྱས་ཏེ་མཐའ་མའི་གཟི་བརྗིད་བརྩོན་ལེན་བྱ་རྒྱུ་རེད། འདི་ནི་འགྲན་ཞུགས་རུ་མིས་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།