དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་སི་ཕེན་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མཉམ་ལས་ཞིབ་འཇུག་ལྟེ་གནས་མ་ཏེ་རིར་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-05

    ཉིན་ཤས་གོང་། ཀྲུང་གོ་མི་དམངས་སློབ་ཆེན་དང་མ་ཏེ་རི་ཁང་ཕུའུ་ཏུན་སི་སློབ་ཆེན་གྱིས་སི་ཕེན་གྱི་རྒྱལ་ས་མ་ཏེ་རིར་ཀྲུང་གོ་དང་སི་ཕེན་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མཉམ་ལས་ཞིབ་འཇུག་ལྟེ་གནས་མཉམ་དུ་བཙུགས་པ་རེད།

    མ་ཏེ་རི་ཁང་ཕུའུ་ཏུན་སི་སློབ་ཆེན་གྱི་སློབ་སྤྱི་ཧྭ་ཅིན·ཀེ་ཡ་ཞུས·ཀེ་ཉི་ཡིས། སི་ཕེན་དང་ཀྲུང་གོའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མཉམ་ལས་ཞིབ་འཇུག་ལྟེ་གནས་འབྲེལ་ཟམ་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱལ་ཁབ་གཉིས་པོ་དང་ཐ་ན་ཡོ་རོབ་དང་ཀྲུང་གོའི་མཁས་དབང་དབར་སྤེལ་རེས་དེ་བས་ལེགས་པ་ཐུབ་པ་བྱ་རྒྱུ་ཡིན། སློབ་ཆེན་གཉིས་ཀྱིས་མི་ཆོས་རིག་གནས་ཀྱི་རིག་ཚན་ལས་སྟེགས་སུ་བྱས་ནས་སློབ་མའི་དབར་སྤེལ་རེས་བརྗེ་རེས་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་བརྒྱུད་རིམ་ལྡན་པ་དང་། རྒྱུན་མཐུད་ཆོག་པ། སྣ་མང་ཅན་བཅས་ཀྱི་མཉམ་ལས་ཤིག་ཆགས་པར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོ་མི་དམངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཏུང་ཀང་གིས། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཞིབ་འཇུག་ལྟེ་གནས་བཙུགས་པ་གོ་སྐབས་སུ་བྱས་ཏེ་རྒྱལ་སྤྱིའི་སློབ་གསོའི་སྤེལ་རེས་མཉམ་ལས་སྔར་བས་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ནས་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་མཉམ་འདྲེས་སྤེལ་རེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དེ་བས་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།