དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་གནའ་བོའི་ཤེས་དཔལ་ཞིབ་འཇུག་ཁང་གིས་ཨ་ཐེན་སི་རུ་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-05

    ཉིན་ཤས་གོང་ཀྲུང་གོ་གནའ་བོའི་ཤེས་དཔལ་ཞིབ་འཇུག་ཁང་གིས་ཀེ་རི་སེའི་ཨ་ཐེན་སི་རུ་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་པ་རེད།

    ཀྲུང་གོ་དང་ཀེ་རི་སེའི་ཤེས་དཔལ་སྤེལ་རེས་ཀྱི་འབྲེལ་ཐག་དམ་དུ་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀེ་རི་སེའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་ཆེད། ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀྲུང་གོ་གནའ་བོའི་ཤེས་དཔལ་ཞིབ་འཇུག་ཁང་དངོས་སུ་བཙུགས་པ་རེད། ཞིབ་འཇུག་ཁང་དེ་ནི་ཀེ་རི་སེར་བཙུགས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་གནའ་བོའི་ཤེས་དཔལ་ཞིབ་འཇུག་གི་སྒྲིག་གཞི་དང་པོ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོའི་རིག་གཞུང་ལས་རིགས་ཀྱིས་ཀེ་རི་སེའི་དུས་སྐབས་ཁག་གི་ཤེས་དཔལ་དང་དེ་བཞིན་འཛམ་གླིང་གི་ཤེས་དཔལ་གཞན་དག་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཀེ་རི་སེ་དང་། ཀྲུང་གོ་དང་ཡོ་རོབ། འཛམ་གླིང་ཚན་ཞིབ་སྒྲིག་གཞི་བཅས་ཀྱིས་གནའ་རྫས་རྟོག་ཞིབ་དང་ཤེས་དཔལ་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིག་གཞུང་སྤེལ་རེས་མཉམ་ལས་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ལོ་རྒྱུས་དང་རིག་གནས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།