དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུས།

    ཁག་བཞི་པའི་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞི་ཆེན་པོར་མཉམ་དུ་མིང་སྦྱར་ལྟ་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-05

    ཉིན་ཤས་གོང་གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུས་ཁག་བཞི་པའི་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞི་ཆེན་པོ་8ལ་མཉམ་དུ་མིང་སྦྱར་ལྟ་སྐུལ་བྱ་རྒྱུའི་ཐག་བཅད་པ་རེད།

    ད་ཐེངས་མཉམ་དུ་མིང་སྦྱར་ལྟ་སྐུལ་བྱས་པའི་གྱོད་གཞི་དེ་དག་ནི་ཅང་སུའུ་ཝུའུ་ཤིས་ཀྱི“པོ་ཞང་གླིང་ཁུལ”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་དང་། ཅང་སུའུ་ཡན་ཁྲེང་གི“རྩེར་སོན་ཚན་རྩལ”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། ཀྲེ་ཅང་ཧྲེང་ཀྲོའུ་ཡི“ཧའོ་ཀྲི་གླིང་ཁུལ”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། ཧྥུའུ་ཅན་ཆོན་ཀྲོའུ་ཡི“5·27”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། ཧྥུའུ་ཅན་ལུང་ཡན་དང་ཁྲུང་ཆིང་གི“ཧྲེང་ཡོན་ཚོགས་པའི”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། ཁྲུང་ཆིང་ཅིའུ་ལུང་ཕོའི“11·15”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། སི་ཁྲོན་ལུའུ་ཀྲོའུ་ཡི“3·21”མུ་འབྲེལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། ཡུན་ནན་རྒྱལ་མོ་རྔུལ་ཆུའི“8·09”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་བཅས་རེད།

    སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཉེས་གསོག་གྱོད་གཞི་རྩད་གཅོད་བྱེད་སྐབས་བཙོག་དངུལ་འདེད་ལེན་དང་གྱོང་གུན་གསབ་པའི་ལས་དོན་ཧུར་ཐག་སྤེལ་ཞིང་། ཛ་དྲག་སྤྲོད་མཚམས་འཇོག་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་སྟེགས་མ་ལག་ལེགས་སུ་དང་རིམ་སྤོར་བྱས་པར། 2024ལོའི་ཟླ་དང་པོ་ནས་བཅུ་པའི་བར་མང་ཚོགས་ལ་ཁ་བསླུས་ཐེབས་པའི་མ་དངུལ་ཁྱོན་སྒོར་དུང་ཕྱུར་2359ཛ་དྲག་སྤྲོད་མཚམས་བཞག་ཡོད། གྱོད་འབྲེལ་རྒྱུ་ནོར་ཞིབ་བཤེར་བཀག་ཉར་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་སྟེ། རྒྱུ་ནོར་ཉེས་ཆད་སྤྱད་འཐུས་བྱེད་ཤུགས་དང་གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་ཕྱིར་སློག་བྱེད་ཤུགས་ཆེ་རུ་བཏང་ནས། གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་གསབ་གང་ཐུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།