དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རིགས་དགའ་འཛོམས། བསམ་སྦྱོར་གཅིག་མཐུན།

    —— རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་འགྲན་བསྡུར་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-04

    ཟླ་11ཚེས་30ཉིན་གྱི་དགོང་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པས(གཤམ་དུ“ལུས་རྩལ་འགྲན་ཚོགས”ཞེས་བསྡུ་རྒྱུ)སན་ཡཱ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་མཇུག་འགྲིལ་མཛད་སྒོ་འཚོགས་པ་དང་། ཚེས་29ཉིན་འགྲན་བསྡུར་ཚང་མ་མཇུག་འགྲིལ་ཞིང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཁྱོན་འགྲན་བསྡུར་རྣམ་གྲངས་18དང་། རྣམ་གྲངས་ཆུང་གྲས149 འཁྲབ་སྟོན་རྣམ་གྲངས་བཅས་རིགས་ཆེན་པོ་གསུམ་དང་རྣམ་གྲངས་ཆུང་བ་170ཡོད། མི་རིགས་ཁག་གི་ལུས་རྩལ་པ་7000ཙམ་གྱིས་མཐུན་སྒྲིལ་འབད་འཐབ་དང་མཛའ་གྲོགས་རོགས་རེས་བྱས་ཏེ་འགྲན་བསྡུར་དང་མཉམ་སྤྲོའི་ཁྲོད་བརྩེ་དུང་ཟབ་ཏུ་བཏང་ནས་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་རོལ་བའི་ལེའུ་གསར་པ་བརྩམས་ཡོད།

    བློ་སེམས་གཅིག་ཏུ་བསྒྲིལ་ནས་ཕུགས་འདུན་བསྒྲུབ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།

    སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལུས་རྩལ་ཐང་ནང་དང་། བསིལ་རླུང་ལྡང་བའི་མཐིང་མདོག་གི་མཚོ་འགྲམ། རབ་ཏུ་འཚེར་བའི་ཉི་འོད་འཕྲོ་ཡུལ་གང་སར“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ལུགས”ཇི་མ་ཇི་བཞིན་དུ་གསལ་པོར་མངོན།

    ཧྲང་ཧའེ་ལུས་རྩལ་སློབ་ཆེན་གྱི་ཀྲང་ཧྲེང་གིས་འགོ་ཚུགས་མཛད་སྒོར་འཐུས་མི་ཚོགས་པའི་བཅའ་སྡོད་འཁྲབ་སྟོན་ལ་ལྟ་སྐབས་སེམས་འགུལ་ཚད་མེད་ཐེབས་ཤིང་། “འཁྲབ་སྟོན་འདི་དག་གིས་རིག་གནས་དང་། རྩལ་འགྲན། དམངས་སྲོལ་བཅས་མཉམ་འདྲེས་བྱས་ཡོད་པས་ཚང་མའི་ཕ་ཡུལ་དྲན་ཆེ་རུ་ཕྱིན་ཡོད”

    མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་གྱི་རང་འདེམས་ཆ་འགྲིག་འགྲན་བསྡུར་ཐེངས་གཉིས་པ་མཇུག་འགྲིལ་རྗེས་ཚོགས་ར་ཡོངས་ཀྱི་སྐར་མ་མཐོ་ཤོས་ཐོབ་པའི་བོད་ལྗོངས་རུ་ཁག་གིས་སྤྲོ་སེམས་འཁོལ་པོས་ལག་ནང་གི་རྔ་རྡུང་བ་དང་རུ་སྣེ་འཁྲིད་མཁན་གྱིས་དགའ་སྤྲོའི་ངང་རུ་མི་ཚོར་དཀར་གཙང་ཁ་བཏགས་གཡོགས་ལ། ཧྲན་ཏུང་རུ་ཁག་གིས་ཀྱང་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་སྨོན་འདུན་ཡང་ཞུས་ཡོད། བོད་ལྗོངས་རུ་ཁག་གི་རུ་མི་ཚོས་རང་ཉིད་ཀྱི་སྐེའི་ཁ་བཏགས་ཕུད་དེ་ཁོང་ཚོར་གཡོགས་ནས་ཁོང་ཚོ་མཉམ་དུ་དགའ་བའི་ཞབས་བྲོ་འཁྲབ་ཅིང་། ཁོང་ཚོས་བོད་སྐད་ཀྱི་ཐོག་ནས《ང་ཚོ་མཉམ་དུ་འཛོམས》ཞེས་པའི་གླུ་གཞས་བཏང་བ་དང་མི་རིགས་ཁག་གི་ལུས་རྩལ་པ་རྣམས་གཅིག་རྗེས་གཉིས་མཐུད་དེའི་ནང་ཞུགས་ཏེ《ཕན་ཚུན་མཛའ་མཐུན》ཞེས་པའི་རྒྱབ་ལྗོངས་རོལ་དབྱངས་ལུས་རྩལ་ཐང་དུ་གྲགས།

    འགྲན་བསྡུར་བྱས་ནས་གྲོགས་པོ་གསར་པ་བསྒྲིགས། སྤུན་ཟླའི་བརྩེ་དུང་མཚོ་མོ་ལས་ཀྱང་ཟབ།

    རི་དང་མཚོ་མོས་བརྩེ་དུང་ཟབ་མོ་འགོག་ག་ལ་ཐུབ། ཚེས་24ཉིན་གྱི་འཁྲབ་སྟོན་རྣམ་གྲངས་ནང་ཤིན་ཅང་ཧོ་ཐན་ས་ཁུལ་ཡུས་ཐན་རྫོང་ནས་ཡོང་བའི་ལས་རིགས་ཁག་གི་རུ་མི་10ལྷག་ཙམ་གྱིས་མའེ་རེ་སྤོ་ལོའི་འཁྲབ་སྟོན་བྱས་ཤིང་། རི་མཐོ་ལ་ལམ་ཐག་རིང་བས་ཁོ་ཚོ་དུས་ཡུན་ཉིན་གསུམ་གྱི་རྗེས་སུ་སན་ཡཱ་གྲོང་ཁྱེར་དུ་འབྱོར་པ་རེད། “ང་ཚོས་རྒྱལ་ཡོངས་མི་དམངས་ལ་མའེ་རེ་སྤོ་ལོའི་ལུས་རྩལ་འགྲེམས་སྟོན་དང་ཕྱི་རོལ་དུ་ཚང་མ་དང་སྤེལ་རེས་མང་ཙམ་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་ཤིན་ཅང་ལྷོ་རྒྱུད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཤེས་པ་བྱེད་ཀྱི་ཡིན”ཞེས་རུ་དཔོན་ཝུའུ་མེར་ཅང་གིས་བཤད།

    ཚེས་28ཉིན་གྱི་དགོང་མོར། “སྐྱེས་སྐར་འཁེལ་མཁན”12ལ་མཉམ་དུ་སྐྱེས་སྐར་བཏང་བ་རེད། ལེའོ་ཉིང་འཐུས་མི་ཚོགས་པའི་རྐང་རིང་མྱུར་འགྲན་ལུས་རྩལ་པ་མན་ཇུ་རིགས་ཀྱི་བུ་མོ་ལུའེ་སི་ཡན་གྱིས་ཚང་མར་འཚེམ་དྲུབ་ཀྱི་བཟོ་རྩལ་ཐོག་ཤོག་དྲས་འདྲ་གཟུགས་ཀྱི་ཉམས་དོད་པའི་སེ་འབྲུ་དམར་པོའི་རི་མོ་འཁོད་པའི་གོས་ཆེན་གྱི་ཁུག་མ་སྔོན་པོ་ཞིག་ཆེད་མངགས་གྲ་སྒྲིག་བྱས་ཡོད། ཧྲན་ཏུང་འཐུས་མི་ཚོགས་པས་འཁྱེར་བའི“ཧྲན་ཏུང་དུ་མེ་ཏོག་སེ་འབྲུ་དམར་པོ་བཞད”ཅེས་པའི་ཁྱད་ལྡན་རིག་གནས་བསམ་བཀོད་ཐོན་རྫས་ལས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་མཐུན་སྒྲིལ་ཡར་བརྩོན་གྱིས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དོན་མཚོན་གྱི་ཡོད།

    ལུས་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ། སྲོལ་རྒྱུན་རྣམ་གྲངས་གསར་པ་མང་དུ་ཕྱིན།

    བོད་ལྗོངས་སུ་དར་ཁྱབ་ཆེ་བའི་གཉའ་ཐག་འཐེན་པ་དེ་1999ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པར་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཏུ་གྱུར། སྐབས་དེ་དུས་བོད་ལྗོངས་རུ་ཁག་ལ་རྣམ་གྲངས་ལྔའི་ཁྲོད་ནས་གསེར་གྱི་རྟགས་མ་གསུམ(དེ་དུས་གསེར་གྱི་རྟགས་མ་བཟོས་ཡོད)ཐོབ་ཡོད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་རུ་ཁག་རྣམ་གྲངས་དེའི་རིམ་པ་ཚང་མའི་མཐའ་བསྡུར་ནང་ཚུད་མེད། བོད་ལྗོངས་རུ་ཁག་གི་ངོས་ནས་བརྗོད་ན། མཇུག་འབྲས་དེ་ནི་མི་རྣམས་བློ་ཕམ་དགོས་པ་ཞིག་རེད། འོན་ཀྱང་རྣམ་གྲངས་ཤིག་གི་ངོས་ནས་བརྗོད་ཚེ་དགའ་འོས་པ་ཞིག་ཡིན་སྲིད། གང་ལགས་ཤེ་ན། དེའི་ཐོག་ནས་གཉའ་ཐག་འཐེན་པའི་ལུས་རྩལ་དེ་བོད་ནས་རྒྱལ་ཡོངས་སུ་དར་འགོ་ཚུགས་པ་གསལ་བཤད་ཐུབ་པ་རེད།

    ད་ཐེངས་ཀྱི་ཤོག་སྦག་ཚོན་ཁྲ་ཅན་གྱི་རྣམ་གྲངས་ལ་རུ་ཁག་11ཞུགས་པའི་ནང་ཧོ་པེ་རུ་ཁག་དང་། ཁྲུང་ཆིང་རུ་ཁག ཧའེ་ནན་རུ་ཁག་བཅས་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་རེད། སྟོབས་ཤུགས་ཆེ་བའི་ཀོང་ཤིས་རུ་ཁག་དང་པེ་ཅིང་རུ་ཁག་གཉིས་ལྷོ་བྱང་གི་ལྟེ་གནས་ཡིན་པ་དང་། ལྷོ་ཕྱོགས་ཀྱི་ཀྲོང་རིགས་དང་ཏུང་རིགས་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ནས་དར་བའི་ལུས་རྩལ་དེ་རིམ་བཞིན་དར་རྒྱས་བྱུང་ཡོད། ཤིང་བེ་ཏ་འཛེག་པའི་འགྲན་བསྡུར་དེ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་གཉེར་ཐེངས་དང་པོ་ཡིན་པས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10ལྷག་ཙམ་གྱི་ལུས་རྩལ་པ་འགྲན་བསྡུར་ནང་ཞུགས་པའི་ཡིད་དབང་བཀུག་ཡོད།

    འདི་དག་ཚང་མ་ནི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་འགྲོ་བའི་མཚོན་བྱེད་ཙམ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།